炭疽是由炭疽芽孢杆菌引起的人兽共患急性传染病,牛、羊、马等草食牲畜最容易感染,人接触病畜、病死畜、被污染的皮毛、肉类容易被感染,发病急、危险性高,草原牧区属于重点防控区域。

一、牲畜炭疽主要症状

最急性型:牛羊突然倒地死亡,死亡牲畜口鼻、肛门流出黑色不凝固血液,尸体鼓胀。

急性型:高烧、精神萎靡、呼吸困难,天然孔出血。

⚠️重要提示:怀疑炭疽病死牲畜,严禁解剖!解剖会造成芽孢大量扩散,污染草场土壤,造成长期疫点。

二、人感染炭疽主要表现

皮肤炭疽(最常见):手、胳膊等暴露皮肤出现小红斑、水泡,之后变成黑色焦痂,伴随发烧、局部肿胀。大多是接触病死牛羊、皮毛感染。

肠炭疽:吃了未煮熟病畜肉引发,腹痛、呕吐、便血,病情危重。

肺炭疽:吸入炭疽芽孢,高烧、胸痛呼吸困难,病死率高。

三、牧民群众“五要五不要”

✅要发现牲畜突然死亡第一时间上报乡镇兽医站、村级防疫员;

✅要远离不明原因猝死牛羊马匹,不靠近、不抚摸病死畜;

✅要放牧做好个人防护,接触牲畜佩戴手套,勤洗手;

✅要牛羊按时接种炭疽疫苗,做好免疫;

✅要听从防疫人员安排,对病死畜进行无害化处理。

❌不要宰杀、剥食、食用不明原因猝死牛、羊;

❌不要私自买卖、转运病死牲畜及皮毛;

❌不要随意丢弃、掩埋病死牲畜尸体,严禁自行解剖病死畜;

❌不要接触病死畜血液、分泌物,不要用病死畜皮毛;

❌不要吃来源不明、未经检疫的牛羊肉。

四、发现可疑情况怎么办

牲畜不明原因突然死亡,立刻上报村防疫员、乡镇畜牧兽医站,原地隔离,不要移动尸体。

人皮肤出现水泡黑痂、发烧等可疑症状,立即到医院就诊,主动告知医生牛羊接触史,早治疗治愈率高。

五、防控措施

定期开展牛羊炭疽强制免疫,筑牢免疫屏障;

开展牧区炭疽防控科普宣传,入户讲解防控知识;

发生可疑疫情,开展采样检测、疫点消毒、风险排查;

严格落实病死动物“四不准一处理”(不准宰杀、不准食用、不准出售、不准转运丢弃,必须进行无害化处理),规范处置病死畜,防止草场污染。

河南县畜牧兽医站

2026年8月14日

ས་ནད་གྱི་རྒྱུན་སྒྲོག་ཤེས་བྱ།

ས་ནད་ནི་ས་ནད་འབུ་ཕྲའི་བསྐྱེད་པའི་མི་ཕྱུགས་ཐུན་མོང་ལ་ཕོག་པའི་འགོས་ནད་ཅིག་ཡིན། ནོར་དང་།ལུག  རྟ་སོགས་རྩྭ་གཟན་སྲོག་ཆགས་ལ་འགོས་ལ། མིའི་ཟོག་ནད་པ་དང་། ནད་ཀྱིས་ཤི་བའི་ཟོག་རོ།འགོས་ཡོད་པའི་པགས་རྩིད། ཤ་སོགས་ལ་རེག་ནས་འགོས་པ་དང་། འགོས་ཚད་མྱུར་ཞིང་། ཉེན་ཁ་ཆེ་ལ།རྩྭ་ཐང་གི་འབྲོག་ ཁུལ་ནི་འགོག་སྲུང་བྱེད་པའི་གཙོ་གནད་ཁྱབ་ཁོངས་ཡིན།

ཕྱུགས་ཟོག་གི་ས་ནད་ཀྱི་ནད་རྟགས་གཙོ་བོ།

ཆེས་མྱུར་བའི་རིགས:ཕྱུགས་ཟོག་གློ་བུར་དུ་ཤི་བ་དང་། ཕྱུགས་ཟོག་གི་བེམ་པོའི་ཁ་སྣ་དང་གཞང་ལམ་སོགས་ནས་ཁྲག་ནག་པོ་བཞུར་བ་དང་བེམ་པོ་སྐྲངས་ཡོད།

མྱུར་བའི་རིགས:ཚ་རྒྱག་པ་དང་། སེམས་ཤུགས་ཉམས་པ། དབུགས་ལེན་དཀའ་བ། རང་བྱུང་ཕྲ་ཁུངས་ནས་ཁྲག་བཞུར་བ།

གལ་ཆེའི་གསལ་འདེབས:ནད་ཀྱིས་ཤི་བའི་ཕྱུགས་ཟོག་ལ་ས་ནད་ཀྱི་དོགས་གཞི་ཡོད་ཚེ།  ཁོག་པ་གཤགས་ནས་བརྟག་དཔྱད་བྱས་མི་ཆོག ཁོག་པ་གཤགས་ནས་བརྟག་དཔྱད་བྱས་ཚེ་འབུ་ཕྲ་མང་པོ་ཕྱིར་ཁྱབ་ནས་རྩྭ་སའི་སྟེང་དུ་འགོས་པ་དང་། དུས་ཡུན་རིང་པོར་ནད་འདི་འབྱུང་སྲིད།

མིར་འགོས་པའི་ས་ནད་ཀྱི་མངོན་ཚུལ་གཙོ་བོ།

པགས་པའི་ས་ནད་(ཆེས་རྒྱུན་མཐོང་ཡིན)། ལག་པ་དང་དཔུང་བ་སོགས་ཕྱིར་མངོན་པའི་སྤྱི་པགས་སྟེང་དུ་དམར་ཁྲ་ཆུང་ཆུང་དང་ཆུ་རྨ་འབུད་ཞིང་།རྗེས་སུ་རྨ་ཤུན་ནག་པོར་འགྱུར་ལ། ཚ་བ་རྒྱག་པ་དང་ཆ་ཤས་སྐྲངས་སྲིད། མང་ཆེ་བ་ནི་ནད་ཀྱིས་ཤི་བའི་ནོར་ལུག་དང་པགས་པར་རེག་ནས་འགོས་པ་ཡིན།

རྒྱུ་མའི་ས་ནད། བཙོས་མེད་པའི་ཕྱུགས་ཟོག་གི་ཤ་ཟས་ནས་བྱུང་བ་ཡིན་པ་དང་།ཕོ་བ་ན་བ་དང་སྐྱུག་པ། སྐྱག་པའི་ནང་དུ་ཁྲག་བཞུར་ནས་ནད་གཞི་ཚབས་ཆེན་དུ་འགྱུར་བ་ཡིན།

གློ་བའི་ས་ནད། ས་ནད་འབུ་ཕྲ་རྔུབ་པ་དང་། ཚ་རྒྱག་པ། བྲང་ཁ་ན་བ།དབུགས་ལེན་དཀའ་བས། ཤི་ཚད་མཐོ།

གསུམ། འབྲོག་པ་མང་ཚོགས་ཀྱི"དགོས་ལྔ་དང་མི་དགོས་ལྔ་"

ཕྱུགས་རིགས་གློ་བུར་དུ་ཤི་བ་ཤེས་རྟོགས་བྱུང་ཚེ་མྱུར་དུ་ཞང་གྲོང་རྡལ་ཕྱུགས་ ཟོག་སྨན་བཅོས་ས་ཚིགས་དང་སྡེ་བ་རིམ་པའི་རིམས་འགོག་མི་སྣར་ཡར་ཞུ་བྱེད་དགོས།

རྒྱུ་རྐྱེན་མ་ཤེས་པར་གློ་བུར་དུ་ཤི་བའི་རྟ་ནོར་ལུག་གསུམ་དང་ཉེ་སར་མི་འགྲོ་བ་དང་རེག་མི་རུང་།

ཕྱུགས་འཚོ་སྐབས་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་ནས་ཕྱུགས་ཟོག་དང་འབྲེལ་འདྲེས་བྱེད་སྐབས་ལག་ཤུབས་གྱོན་པ་དང་ལག་པ་གཙང་མར་བཀྲུ་དགོས།

ནོར་ལུག་ལ་དུས་ཐོག་ཏུ་ས་ནད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་སྟེ་རིམས་འགོག་བྱེད་དགོས།

རིམས་འགོག་མི་སྣའི་བཀོད་སྒྲིག་ལ་ཉན་ནས་ནད་ཀྱིས་ཤི་བའི་ཕྱུགས་ཟོག་གནོད་མེད་ཅན་གྱི་སྒོ་ནས་ཐག་གཅོད་བྱེད་དགོས།

རྒྱུ་རྐྱེན་མ་ཤེས་པར་གློ་བུར་དུ་ཤི་བའི་ནོར་ལུག་བཤའ་བ་དང་དེའི་ཤ་ཟ་མི་རུང་། 

ནད་གྱིས་ཤི་བའི་ཕྱུགས་ཟོག་དང་དེའི་པགས་པ་ཉོ་ཚོང་དང་བརྒྱུད་འདྲེན་བྱེད་མི་རུང་། 

ནད་གྱིས་ཤི་བའི་ཕྱུགས་ཟོག་གི་བེམ་པོ་གང་འདོད་དུ་གཡུགས་པ་དང་ས་འོག་ཏུ་སྦས་མི་རུང་ལ། ནད་གྱིས་ཤི་བའི་ཕྱུགས་ཟོག་གི་ཁོག་པ་གཤགས་ནས་བརྟག་དཔྱད་བྱེད་མི་རུང་།

ནད་གྱིས་ཤི་བའི་ཕྱུགས་ཟོག་གི་ཁྲག་དང་ཟགས་ཐོན་དངོས་རྫས་ལ་རེག་མི་རུང་ལ། དེའི་པགས་པ་བཀོལ་སྤྱོད་བྱེད་མི་རུང་། 

འབྱུང་ཁུངས་གསལ་པོ་མེད་པ་དང་ནད་ཡམས་ཞིབ་བཤེར་མ་བྱས་པའི་ནོར་ལུག་གི་ཤ་ཟ་མི་རུང་།

བཞི། དོགས་གཞི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་ཇི་ལྟར་བྱེད་དགོས།

ཕྱུགས་ཟོག་རྒྱུ་རྐྱེན་མ་ཤེས་པར་གློ་བུར་དུ་ཤི་ཚེ། མྱུར་དུ་སྡེ་བའི་རིམས་འགོག་མི་སྣ་དང་ཞང་དང་གྲོང་རྡལ་གྱི་ཕྱུགས་ལས་སྨན་བཅོས་ས་ཚིགས་ལ་ཡར་ཞུ་བྱས་ཏེ། སྔར་གནས་སུ་ལོགས་བཀར་དང་བེམ་པོའི་ས་གནས་སྤོར་མི་རུང་།

མིའི་སྐྱི་པགས་ལ་ཆུ་རྨ་ནག་པོ་འབུད་པ། ཚ་བ་རྒྱག་པ་སོགས་དོགས་ཡོད་ཀྱི་ནད་རྟགས་བྱུང་ཚེ།མྱུར་དུ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་ཏེ། རང་འགུལ་གྱིས་སྨན་པར་ནོར་ལུག་དང་འབྲེལ་འདྲེས་བྱས་པའི་གནས་ཚུལ་བཤད་དགོས་པ་དང་།སྔ་མོ་ནས་སྨན་བཅོས་བྱེད་དགོས།

ལྔ། སྔོན་འགོག་ཚོད་འཛིན་བྱེད་ཐབས།

དུས་བཀག་ལྟར་ནོར་ལུག་གི་ས་ནད་སྔོན་འགོག་བྱས་ཏེ་རིམས་ནད་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས།

འབྲོག་ཁུལ་དུ་ས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་དྲིལ་བསྒྲགས་བྱས་ནས་ཁྱིམ་ཚང་རེ་རེ་བཞིན་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཐུབ་པ་བྱེད་དགོས།

དོགས་ཡོད་རིམས་ནད་བྱུང་ཚེ་དཔེ་ལེན་ཞིབ་དཔྱད་ཚད་ལེན་དང་།རིམས་ནད་བྱུང་སར་དུག་སེལ་བྱས་ནས། ཉེན་ཁར་ཞིབ་བཤེར་བྱེད་དགོས།

ནད་གྱིས་ཤི་བའི་ཕྱུགས་ཟོག་ལ"མི་ཆོག་པ་བཞི་དང་ཐག་གཅོད་བྱེད་ཐབས་གཅིག་"(བཤས་མི་ཆོག་པ་དང་། བཟའ་མི་ཆོག་པ། ཕྱིར་འཚོང་མི་ཆོག་པ། བརྒྱུད་འདྲེན་མི་ཆོག་པ་བཅས་བྱས་ནས་ངེས་པར་དུ་གནོད་མེད་ཅན་གྱི་ཐག་གཅོད་བྱེད་དགོས)དོན་འཁྱོལ་ནན་མོ་བྱས་ཏེ། ནད་གྱིས་ཤི་བའི་ཕྱུགས་ཟོག་ཚད་ལྡན་ངང་ཐག་གཅོད་བྱས་ནས་རྩྭ་སར་སྦགས་བཙོག་མི་ཡོང་བ་བྱེད་དགོས།

རྨ་ལྷོ་རྫོང་ཕྱུགས་ལས་སྨན་བཅོས་ས་ཚིགས།

2026ལོའི་ཟླ་8ཚེས་14ཉིན།