各乡镇人民政府,县直各相关单位,全县广大牧民群众、养殖经营主体:
为深入贯彻落实饮用水水源地生态环境保护相关法律法规,筑牢全县饮水安全防线,守护各族群众饮用水水质安全,维护县域水生态环境稳定,依据《中华人民共和国水污染防治法》《中华人民共和国水法》《中华人民共和国动物防疫法》《青海省饮用水水源保护条例》《畜禽规模养殖污染防治条例》等规定,结合我县牧区实际,现就进一步做好饮用水水源地保护工作公告如下:
一、严格落实水源保护区管控要求
饮用水水源一级保护区内,全面禁止畜禽散养放养、新建排污口、堆放生活垃圾、养殖粪污、病死畜禽及废弃物,严禁开展游泳、垂钓、野炊、采砂取土等可能污染水体的活动;现有与供水、水源保护无关的设施,依法依规限期清理退出。
饮用水水源二级保护区内,严控畜禽散养规模,现有养殖户必须配套粪污防渗、收集、处置设施,实行粪污闭环管理,严禁粪污直排、漫流入河入库;禁止新建、改建、扩建排放污染物的建设项目,严控农业面源污染,规范化肥、兽药使用。
县农牧水利和科技局会同县生态环境局、各乡镇人民政府要对辖区小型人饮工程饮用水水源地划定范围、地理界标、警示标识开展全面排查维护,完善隔离防护设施,做到边界清晰、管控到位。
二、强化牧区养殖污染源头治理
全县畜禽养殖场(户)要严格落实环保主体责任,定期清掏化粪池、储粪场,加固防渗工程,防止粪污渗漏外溢。严禁在水源地沿岸、河道沟渠周边堆放畜禽粪便、垫料、养殖垃圾;严禁利用水源地周边水体冲洗圈舍、处理养殖污物。病死畜禽必须第一时间向乡镇防疫部门报备,规范开展无害化处置,严禁随意丢弃、抛尸入河、就近掩埋,严防疫病传播与水体污染。
三、加强日常巡查与水质监测
县农牧水利和科技局联合生态环境、各乡镇、各级河湖长开展常态化巡查,加密水源地、河道、取水口巡查频次,重点排查偷排粪污、丢弃病死畜禽、违规放牧、破坏防护设施等风险隐患,建立问题台账,限期整改销号。严格执行饮用水水质常态化监测制度,重点监测微生物、粪源性指标,健全水质异常应急处置机制,一旦发现水质超标,立即启动应急管控,保障群众用水安全。
四、严控各类污染源入河入库
严禁任何单位和个人向水源地水体、河道、沟渠倾倒生活垃圾、建筑垃圾、生活污水、屠宰废弃物、化工废料等污染物;严禁在水源涵养区乱采滥挖、过度放牧、破坏植被,持续做好水源地周边草原生态修复、水土保持工作,提升水源涵养能力。农村生活污水、生活垃圾实行集中收集转运处理,杜绝污水直排、垃圾临河堆放。
五、压实属地管理与执法监管责任
各乡镇落实属地主体责任,统筹做好水源保护政策宣传、隐患排查、牧区管控工作;县农牧水利和科技局、生态环境、综合执法等部门各司其职,加大联合执法力度。对违反本公告规定,在水源保护区内违规养殖、偷排粪污、随意处置病死畜禽、破坏水源防护设施等违法行为,一经查实,依照相关法律法规从严处罚;造成水源污染、危害公共饮水安全的,依法追究法律责任。
六、畅通社会监督举报渠道
广大群众如发现污染饮用水水源地、破坏水源保护设施、违规排污等违法行为,可及时举报。
举报电话:0973-8360394(河南县农牧水利和科技局)
0973-8763853(河南县生态环境局)
0973-7721123(河南县综合执法局)
本公告自发布之日起施行。
河南县农牧水利和科技局
2026年9月9日
མཚོ་སྔོན་ཞིང་ཆེན་ཧོ་ནན་སོག་རིགས་རང་སྐྱོང་རྫོང་གི་ཞིང་འབྲོག་ཆུ་བེད་ཚན་རྩལ་ཅུའུ་ཡིས་འཐུང་ཆུའི་འབྱུང་ཁུངས་སྲུང་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཁྱབ།
ཤང་དང་གྲོང་རྡལ་ཁགརྫོང་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་ཁག རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས། ཕྱུག་ཟོག་གསོ་སྤེལ་གཉེར་སྐྱོང་བྱེད་པོ་རྣམ་པ།
རྒྱལ་ཁབ་ཀྱི་འཐུང་ཆུའི་འབྱུང་ཁུངས་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྫོང་ཡོངས་ཀྱི་བཏུང་ཆུ་བདེ་འཇགས་འགོག་སྲུང་བརྟན་པོ་བཟོ་བ། མི་རིགས་སོ་སོའི་མི་དམངས་ཀྱི་འཐུང་ཆུའི་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱེད་པ། ས་ཁོངས་ནང་གི་ཆུའི་སྣོད་བཅུད་ཁོར་ཡུག་བརྟན་ལྷིང་ཡོང་བ་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་སྤྱོད་བཅའ་ཁྲིམས》། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་སྔོན་འགོག་བཅའ་ཁྲིམས》། 《མཚོ་སྔོན་ཞིང་ཆེན་འཐུང་ཆུའི་འབྱུང་ཁུངས་སྲུང་སྐྱོང་སྲོལ་ཡིག》། 《སྒོ་ཕྱུགས་གཞི་ཁྱོན་ཅན་དུ་གསོ་བ་དང་གསོ་ཚགས་བྱས་པའི་སྦགས་བཙོག་དངོས་པོ་གཙང་སེལ་དོ་དམ་སྲོལ་ཡིག》སོགས་གཏན་འབེབས་གཞིར་བཟུང་ནས། རང་རེའི་རྫོང་གི་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་འཐུང་ཆུའི་འབྱུང་ཁུངས་སྲུང་སྐྱོབ་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུར་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
གཅིག ཆུ་ཁུངས་ས་ཁུལ་ཚོད་འཛིན་བླང་བྱ་ནན་པོ་སྲུང་དགོས་པ།
འཐུང་ཆུའི་འབྱུང་ཁུངས་རིམ་པ་དང་པོ་སྲུང་སྐྱོབ་ཁུལ་དུ། སྒོ་ཕྱུགས་གང་སར་གློད་པ་དང་གད་སྙིགས་སྤུངས་འཇོག་བྱེད་མི་ཆོག་ལ། འཚོ་བཅུད་ལྡན་པའི་ལུད་རྫས་དང་ནད་ཕོག་ནས་ཤི་བའི་སྒོ་ཕྱུགས། དེ་བཞིན་སྙིགས་རོ་གཞན་དག་ཀྱང་སྤུང་གསོག་རྒྱག་མི་ཆོག ཆུར་རྐྱལ་རྒྱག་པ་དང་ཉ་འཛིན་པ། ཕྱི་རོལ་ཏུ་མེ་སྲེག་གཏོང་བ། བྱེ་མ་སྔོག་འདོན་བྱེད་པ་སོགས་ཆུ་ལ་འབག་སྐྱོན་ཤོར་སྲིད་པའི་བྱེད་སྒོ་མཐའ་དག་བཀག་སྡོམ་བྱེད་དགོས་པ་དང་། ད་ལྟ་ཡོད་པའི་ཆུ་མཁོ་འདོན་དང་འབྲེལ་བ་མེད་པའི་སྒྲིག་བཀོད་རྣམས་ཁྲིམས་ལུགས་ལྟར་དུས་བཅད་ནང་བཤིག་སྤོ་བྱེད་དགོས། འཐུང་ཆུའི་འབྱུང་ཁུངས་རིམ་པ་གཉིས་པ་སྲུང་སྐྱོབ་ཁུལ་དུ། སྒོ་ཕྱུགས་གང་བྱུང་དུ་གསོ་སྐྱོང་བྱེད་ཚད་ཚོད་འཛིན་ནན་མོ་བྱེད་དགོས་པ་དང་། མིག་སྔར་ཡོད་པ་དག་གིས་ངེས་པར་དུ་ལུད་རྫབ་འགོག་པ་དང་བསྡུ་རུབ། ཐག་གཅོད་བཅས་ཀྱི་སྒྲིག་ཆས་ཆ་ཚང་བར་འཛུགས་སྐྲུན་བྱས་ཏེ། ལུད་རྫབ་འཁོར་སྐྱོད་ལམ་ལུགས་ལག་ལེན་བསྟར་དགོས་པ་ལས་ཐད་ཀར་ཕྱིར་འབུད་དང་ཆུ་བོ་དང་མཚེའུ་རུ་གཏོང་པར་བཀག་འགོག་བྱེད་དགོས། སྦགས་བཙོག་དངོས་རིགས་ཕྱིར་འབུད་བྱེད་པ་ལས་ལས་གཞི་གསར་པ་འཛུགས་པ་དང་བསྒྱུར་སྐྲུན། རྒྱ་བསྐྱེད་གཏོང་བ་བཅས་གཏན་འགོག་བྱེད་དགོས་པ་དང་། ཞིང་ཕྱུགས་ལས་ཕྱོགས་ངོས་ཀྱི་སྦགས་བཙོག་ཚོད་འཛིན་ནན་པོ་བྱེད་ཅིང་། ཞིང་ཕྱུགས་སྨན་བེད་སྤྱོད་ཚད་ལྡན་ཡོང་བར་ཁག་ཐེག་བྱེད་དགོས། རྫོང་ཞིང་འབྲོག་ཆུ་བེད་ཚན་རྩལ་ཅུའུ་ཡིས་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་དང་ཤང་གྲོང་རྡལ་སྲིད་གཞུང་མཉམ་འབྲེལ་ཐོག་ཁོངས་གཏོགས་ནང་ཁུལ་གྱི་མི་གྲངས་ཉུང་ངུ་ཙམ་ལ་ཆུ་མཁོ་སྤྲོད་བྱེད་པའི་ལས་གྲྭ་ཆུང་གྲས་ཀྱི་འཐུང་ཆུའི་འབྱུང་ཁུངས་དབྱེ་མཚམས་དང་། ས་ཁམས་མཚོན་རྟགས། ཉེན་ཟོན་རྟགས་མཚན་བཅས་ཕྱོགས་ཡོངས་ནས་བརྟག་དཔྱད་ཉམས་གསོ་བྱས་ཏེ་མཐའ་འཁོར་ར་བ་སྲ་བརྟན་བཟོ་བ་དང་། དབྱེ་བ་གསལ་པོ་འབྱེད་ཐུབ་པ་དང་ལྟ་སྐུལ་ནུས་ལྡན་ཐུབ་པར་བྱེད་དགོས།
གཉིས། འབྲོག་ཁུལ་གྱི་གསོ་སྤེལ་སྦགས་བཙོག་འབྱུང་ཁུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
རྫོང་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚུགས་ར་བ་(དུད་ཚང་)ཡིས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་པོ་བྱས་ཏེ།དུས་བཀག་ལྟར་སྐྱག་རྫིང་དང་ལུད་གསོག་ར་བར་གཙང་སྦྲ་བྱེད་པ་དང་། ཆུ་འགོག་ལས་གྲྭ་སྲ་བརྟན་དུ་བཏང་ནས་གཅིན་སྐྱག་འཛག་པ་སྔོན་འགོག་བྱེད་དགོས། འཐུང་ཆུའི་སྲུང་སྐྱོབ་ཁུལ་གྱི་འགྲམ་རྒྱུད་དང་ཆུ་བོ་ཡུར་བུའི་མཐའ་འཁོར་དུ་སྒོ་ཕྱུགས་ཀྱི་ལྕི་བ་དང་ཉལ་ཆས། གསོ་སྤེལ་གད་སྙིགས་བཅས་སྤུངས་མི་ཆོག འཐུང་ཆུའི་སྲུང་སྐྱོབ་ཁུལ་ཉེ་འཁོར་གྱི་ཆུས་ཁང་པ་བཀྲུ་བ་དང་གསོ་སྤེལ་སྙིགས་རོ་ཐག་གཅོད་བྱེད་ཐབས་གཏན་ནས་སྤྱོད་མི་ཆོག ནད་ཀྱིས་ཤི་བའི་སྒོ་ཕྱུགས་རྣམས་ངེས་པར་དུ་འཕྲལ་མར་ཤང་གྲོང་འཕྲོད་བསྟེན་རིམས་འགོག་སྡེ་ཁག་ལ་སྙན་སེང་ཞུ་དགོས་པ་དང་། ཚད་ལྡན་ངང་གནོད་མེད་གཙང་སེལ་ལས་དོན་སྒྲུབ་དགོས་ཤིང་། གང་བྱུང་དོར་བ་དང་ཆུར་གཡུག་པ། ས་སྦས་གཏོང་བ་སོགས་གཏན་འགོག་བྱས་ཏེ་རིམས་ནད་ཁྱབ་གདལ་དང་ཆུ་གཟུགས་འབག་བཙོག་བཟོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
གསུམ། རྒྱུན་ལྡན་ཅན་གྱི་སྐོར་ཞིབ་དང་ཆུ་སྤུས་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་རྒྱག་དགོས།
རྫོང་ཞིང་འབྲོག་ཚན་རྩལ་ཅུའུ་ཡིས་སྐྱེ་ཁམས་ཁོར་ཡུག་དང་ཤང་གྲོང་ཁག རིམ་པ་ཁག་གི་གཙང་པོ་མཚེའུ་དཔོན་མཉམ་འབྲེལ་གྱིས་རྒྱུན་ལྡན་རང་བཞིན་ལྡན་པའི་སྐོར་ཞིབ་སྤེལ་བ་དང་།
འཐུང་ཆུའི་སྲུང་སྐྱོབ་ཁུལ་དང་ཆུ་བོ།ཆུ་འཐེན་ས་ཚིགས་བཅས་སུ་སྐོར་ཞིབ་བྱེད་ཚད་མང་དུ་གཏོང་བ། ལྐོག་ཏུ་གཅིན་སྐྱག་འབུད་པ་དང་ནད་ཀྱིས་ཤི་བའི་སྒོ་ཕྱུགས་དོར་བ། ཁྲིམས་འགལ་ངང་རྩྭ་རར་འཚོ་བ། འགོག་སྲུང་སྒྲིག་ཆས་གཏོར་བཤིག་གཏོང་བ་སོགས་ཉེན་ཁ་འབྱུང་གཞི་གཙོ་གནད་དུ་བཟུང་སྟེ་བརྟག་དཔྱད་བྱས་ནས། གནད་དོན་ཐོ་འགོད་དེབ་བཟོས་ཐོག་དུས་ཚོད་ངེས་ཅན་ནང་དག་ཐེར་ལེགས་བཅོས་བྱས་རྗེས་རྩིས་སུབ་གཏོང་དགོས། བཏུང་བྱའི་ཆུ་སྤུས་ཚད་གཞིར་སླེབས་མིན་ཐད་རྒྱུན་དུ་ལྟ་སྐུལ་ཚོད་འཛིན་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། སྐྱེ་དངོས་ཕྲ་རབ་དང་བཤང་གཅི་ལས་བྱུང་བའི་དམིགས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་པ་དང་། ཆུ་སྤུས་རྒྱུན་ལྡན་མ་ཡིན་ཚེ་ཛ་དྲག་གིས་ཁ་གཏད་གཅོག་ཐབས་ལམ་སྲོལ་འཐུས་ཚང་དུ་འཛུགས་དགོས། གལ་ཏེ་ཆུ་སྤུས་ཚད་གཞི་ལས་བརྒལ་བ་ཤེས་རྟོགས་བྱུང་བ་ཡིན་ཚེ། འཕྲལ་དུ་ཛ་དྲག་དོ་དམ་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་འཐུང་ཆུ་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
བཞི། སྦགས་བཙོག་འབྱུང་ཁུངས་སྣ་ཚོགས་ཆུ་ནང་དུ་འཛུལ་བར་ཚོད་འཛིན་ནན་པོ་བྱེད་དགོས།
མི་སྒེར་དང་ལས་ཁུངས་གང་རུང་གིས་འཐུང་ཆུའི་འབྱུང་གནས་ཀྱི་ཆུ་གཟུགས་དང་། གཙང་འགྲམ། ཡུར་བུ་བཅས་སུ་འཚོ་བའི་གད་སྙིགས་དང་། ཨར་ལས་གད་སྙིགས། འཚོ་བའི་བཙོག་ཆུ། བཤས་རའི་སྙིགས་རོ། རྫས་འགྱུར་གྱི་རྒྱུ་ཆ་སོགས་སྦགས་བཙོག་དངོས་པོ་གང་ཡང་གཡུག་མི་ཆོག ཆུ་ཁུངས་གསོ་སྐྱོང་ཁུལ་དུ་གང་བྱུང་སྔོག་འདོན་བྱེད་པ་དང་ཕྱུགས་ཟོག་ཚད་ལས་བརྒལ་བ་འཚོ་བ་སྤང་དགོས་ཤིང་། རྩི་ཤིང་ལ་གཏོར་བཤིག་གཏོང་མི་རུང་ལ། རྒྱུན་མཐུད་ངང་ཆུ་ཁུངས་མཐའ་འཁོར་གྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་དང་ས་ཆུ་སྲུང་འཛིན་ལས་དོན་ཡག་པོ་བསྒྲུབས་ནས་ཆུ་ཁུངས་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་རྣམས་གཅིག་བསྡུས་ཀྱིས་བསྡུ་རུབ་བྱས་ཏེ་སྐྱེལ་འདྲེན་ཐག་གཅོད་བྱ་དགོས་པ་ལས་ཐད་ཀར་འབུད་པ་དང་གད་སྙིགས་གཙང་པོ་འགྲམ་དུ་སྤུངས་པ་གཏན་འགོག་བྱ་དགོས།
ལྔ། ས་བདག་དོ་དམ་དང་ཁྲིམས་ལྟར་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་དགོས།
ཤང་གྲོང་ཁག་གིས་ས་གནས་དེ་གའི་འགན་གཙོ་བོ་འཁུར་ནས། ཆུ་ཁུངས་སྲུང་སྐྱོབ་སྲིད་ཇུས་དྲིལ་བསྒྲགས་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། འབྲོག་ཁུལ་དོ་དམ་ལས་ཀ་གཅིག་གྱུར་འཆར་འགོད་ལེགས་པོ་བྱེད་དགོས། རྫོང་ཞིང་འབྲོག་ཚན་རྩལ་ཅུའུ་དང་ཁོར་ཡུག་སྲུང་སྐྱོང་ཅུའུ། ཕྱོགས་བསྡུས་སྲིད་འཛིན་སྡེ་ཁག་སོ་སོས་རང་འགན་རང་ཁུར་གྱིས་མཉམ་འབྲེལ་སྒོས་ཁྲིམས་ལྟར་ཤུགས་ཆེར་སྤེལ་དགོས། སྤྱི་བསྒྲགས་འདི་ཡི་གཏན་འབེབས་དང་འགལ་ཏེ། ཆུ་ཁུངས་སྲུང་སྐྱོབ་ས་ཁུལ་ནང་ཁུལ་དུ་སྒྲིག་འགལ་གྱིས་ཕྱུགས་ལས་གཉེར་བ་དང་། གཅིན་སྐྱག་ལྐོག་ཏུ་ཕྱིར་འབུད་བྱེད་པ། ནད་ཕོག་པའི་སྒོ་ཕྱུགས་གང་འདོད་ལྟར་བེད་སྤྱོད་མི་བྱེད་པ། ཆུ་ཁུངས་འགོག་སྲུང་སྒྲིག་ཆས་ལ་གཏོར་བརླག་གཏོང་བ་སོགས་ཀྱི་བྱ་སྤྱོད་རིགས་རྩད་ཆོད་ཚེ། འབྲེལ་ཡོད་བཅའ་ཁྲིམས་སྒྲིག་སྲོལ་གཞིར་བཟུང་ཉེས་ཆད་ནན་མོ་གཅོད་རྒྱུ་ཡིན། གལ་ཏེ་ཆུ་ཁུངས་འབག་བཙོག་བཟོས་པ་དང་མང་ཚོགས་ཀྱི་བཏུང་ཆུར་བདེ་འཇགས་ཡོང་རྒྱུར་གནོད་འཚེ་བཏང་ཚེ་ཁྲིམས་ལུགས་ལྟར་འགན་འཁྲི་བདའ་འདེད་བྱ་རྒྱུ།
དྲུག སྤྱི་ཚོགས་ཀྱི་ལྟ་རྟོག་ཐེར་འདོན་ཐབས་ལམ་ཤར་བགྲོད་ཐུབ་པ་བཟོ་དགོས།
རྒྱ་ཆེའི་མང་ཚོགས་ཀྱིས་འཐུང་ཆུའི་འབྱུང་ཁུངས་ལ་གནོད་པ་སྐྱེལ་བ་དང་། ཆུ་ཁུངས་སྲུང་སྐྱོབ་སྒྲིག་ཆས་ལ་གཏོར་སྐྱོན་གཏོང་བ། སྒྲིག་འགལ་གྱིས་བཙོག་དངོས་འབུད་པ་སོགས་ཀྱི་བྱ་སྤྱོད་མཐོང་ཐོས་བྱུང་བ་ཡིན་ན། དུས་ཐོག་ཏུ་སྙན་སེང་ཞུ་ཆོག ཁ་པར་ཨང་གྲངས་ནི། 0973-8360394 (ཧོ་ནན་རྫོང་ཞིང་འབྲོག་ཆུ་བེད་ཚན་རྩལ་ཅུའུ) 0973-8763853 (ཧོ་ནན་རྫོང་ཁོར་ཡུག་སྲུང་སྐྱོང་ཅུའུ) 0973-7721123 (ཧོ་ནན་རྫོང་ཕྱོགས་བསྡུས་སྲིད་འཛིན་ཅུའུ) བཅས་སོ།
སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་པ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།
ཧོ་ནན་རྫོང་ཞིང་འབྲོག་ཆུ་བེད་ཚན་རྩལ་ཅུའུ།2026ལོའི་ཟླ་9ཚེས་9ཉིན།