为切实做好河南县第27届那达慕盛会暨农体文旅商融合发展系列活动期间的道路交通保障工作,营造安全、畅通、有序的交通环境,尽最大可能减少影响群众出行,根据《中华人民共和国道路交通安全法》第三十九条之规定,决定在活动期间,对活动现场和比赛场地周边部分道路实施临时交通管制。现将有关事宜通告如下:
一、交通管制时间
2026年8月1日-8月3日(早上7:00-21:00)
二、交通管制路段
吉岗路与土默特路十字、朗姆兰措路和土默特路十字、和硕特大道、达参南路与拉姆兰措路由南向北单向通行。请依照箭头或交通管理人员指挥通行。各施工单位及私人所有自卸翻斗车、水泥罐车、泵车等大型施工车辆严禁在阿赛公路、县城各路段通行。
三、河南县第27届那达慕盛会暨农体文旅商融合发展系列活动期间阿赛公路、河玛公路、河南县县城路段及县城各大街实行全线禁停,所有过境河南县的重型货运机动车辆提前选择线路绕道通行。
四、河南县第27届那达慕盛会暨农体文旅商融合发展系列活动期间,凡是驾驶人、行人必须服从公安机关交通管理人员的指挥,客运班线车、单位通勤车须提前选择线路,绕道通行。
五、严禁任何单位和私家车辆在以上道路停放车辆。分会场附近路段严禁随意停车,车辆必须进入指定的停车场停放。各类车辆应按照指定线路通行严禁随意通行、逆行、掉头等行为。实行一车一通行制,无通行证车辆禁止驶入会场路段。允许出租车载客单循环进入会场路段行驶,严禁出租车在会场路段停车,长时间逗留。
六、对于违反交通管制且不服从交通指挥的车辆驾驶人将依照《中华人民共和国道路交通安全法》进行处罚,并处扣留机动车,及相关证件。
请社会各界和广大群众遵照执行,未尽事宜,随后将另行通告。
特此通告
河南县公安局
2026年7月29日
རྨ་ལྷོ་སོག་རྫོང་གི་ནཱ་ཏམ་སྤྲོ་ཚོགས་སྐབས་27པའི་ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕྲེང་བསྟར་བྱ་འགུལ་སྐབས་འགྲིམ་འགྲུལ་བྱ་བར་ཁག་ཐེག་དང་། བདེ་འཇགས་དང་གོ་རིམ་ལྡན་པའི་འགྲིམ་འགྲུལ་ཁོར་ཡུག་བསྐྲུན་པ། མང་ཚོགས་ཀྱི་འགྲོ་འོང་ལ་བར་ཆད་མི་བཟོ་བའི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་》ཀྱི་དོན་ཚན་སོ་དགུ་པའི་གཏན་འབེབས་ལྟར། བྱ་འགུལ་སྐབས་སུ། བྱ་འགུལ་སྤེལ་ཡུལ་དང་འགྲན་བསྡུར་བྱ་ཡུལ་མཐའ་འཁོར་གྱི་འགྲོ་ལམ་ཁག་གཅིག་ལ་གནས་སྐབས་ཀྱི་འགྲིམ་འགྲུལ་བཀག་སྡོམ་ལག་བསྟར་བྱ་བའི་འབྲེལ་ཡོད་བརྡ་ཁྱབ་གཤམ་གསལ་ལྟར།
གཅིག འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཚོད།2026ལོའི་ཟླ་8པའི་ཚེས་1ཉིན་ནས་ཟླ་8པའི་ཚེས་3ཉིན་བར(ཞོགས་པའི་ཆུ་ཚོད7:00-21:00)།
གཉིས། འགྲིམ་འགྲུལ་བཀག་སྡོམ་གྱི་ལམ་ཐིག་དག་ནི། ཅི་ཀང་ལམ་དང་ཐུའུ་མོ་ཐེ་ལམ་གྱི་བཞི་མདོ་དང་།ལྷ་མོ་བླ་མཚོ་ལམ་དང་ཐུའུ་མོ་ཐི་ལམ་གྱི་བཞི་མདོ། ཧོ་ཧྲོ་ཐི་ལམ་ཆེན་དང་།མདའ་ཚན་ལྷོ་ལམ། ལྷ་མོ་བླ་མཚོ་ལམ་དབར་གྱི་ལྷོ་ནས་བྱང་ཕྱོགས་སུ་ཕྱོགས་གཅིག་ཤར་བགྲོད་བྱེད་དགོས། ཕྱོགས་སྟོན་བརྡ་རྟགས་དང་འགྲིམ་འགྲུལ་དོ་དམ་མི་སྣའི་བཀོད་འདོམས་ལྟར་ཤར་བགྲོད་བྱེད་དགོས། ཨར་ལས་སྡེ་ཚན་ཁག་དང་མི་སྒེར་གྱི་སློག་སྒམ་རླངས་འཁོར་དང་།ཨར་འདམ་ལྡུག་འཁོར། ཕུམ་འཁོར་སོགས་ཨར་ལས་རླངས་འཁོར་ཆེ་གྲས་དག་ཨ་སའེ་གཞུང་ལམ་དང་རྫོང་མཁར་གྱི་ལམ་ཁག་ཏུ་བགྲོད་མི་ཆོག
གསུམ། རྨ་ལྷོ་སོག་རྫོང་གི་ནཱ་ཏམ་སྤྲོ་ཚོགས་སྐབས27པའི་ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕྲེང་བསྟར་བྱ་འགུལ་སྐབས་སུ་ཨ་སའེ་གཞུང་ལམ་དང་།རྨ་སོག་གཞུང་ལམ། རྨ་ལྷོ་སོག་རྫོང་རྫོང་མཁར་གྱི་གཞུང་ལམ། དེ་བཞིན་རྫོང་མཁར་གྱི་སྲང་ལམ་ཁག་ཏུ་རླངས་འཁོར་བཞག་མི་ཆོག རྨ་ལྷོ་སོག་རྫོང་བརྒྱུད་ནས་འགྲོ་བའི་ཟོང་སྐྱེལ་རླངས་འཁོར་ལྗིད་གྲས་རིགས་ཀྱིས་སྔོན་ལ་ལམ་ཐིག་བདམས་ཏེ་བསྐོར་ནས་བགྲོད་དགོས།
བཞི། རྨ་ལྷོ་སོག་རྫོང་གི་ནཱ་ཏམ་སྤྲོ་ཚོགས་སྐབས 27པའི་ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕྲེང་བསྟར་བྱ་འགུལ་སྐབས་སུ། ཁ་ལོ་བ་དང་རྐང་ཐང་གང་ཡིན་རུང་ངེས་པར་དུ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་མི་སྣའི་བཀོད་འདོམས་ལ་བརྩི་སྲུང་བྱ་དགོས། འགྲུལ་སྐྱེལ་རེས་འཁོར་དང་། ལས་ཁུངས་ཀྱི་རླངས་འཁོར་གྱིས་ངེས་པར་དུ་སྔོན་ལ་ལམ་ཐིག་བདམས་ཏེ་བསྐོར་ནས་བགྲོད་དགོས།
ལྔ། ལས་ཁུངས་དང་མི་སྒེར་གང་རུང་གིས་བསྐོར་བའི་རླངས་འཁོར་རིགས་སྣ་ཚོགས་གོང་གསལ་གྱི་གཞུང་ལམ་དུ་བཞག་མི་ཆོག ཡན་ལག་ཚོགས་རའི་ཉེ་འགྲམ་གྱི་གཞུང་ལམ་ཁག་ཏུ་གང་འདོད་དུ་རླངས་འཁོར་བསྡད་མི་ཆོག རླངས་འཁོར་ངེས་པར་དུ་གཏན་འཁེལ་བྱས་པའི་རླངས་འཁོར་འཇོག་སར་འཇོག་དགོས། རླངས་འཁོར་རིགས་གཏན་འཁེལ་བྱས་པའི་ལམ་ཐིག་ལྟར་འགྲོ་སྐྱོད་བྱེད་དགོས་པ་ལས།གང་འདོད་དུ་བགྲོད་པ་དང་། ལྡོག་བགྲོད། ཕྱིར་འཁོར་བ་སོགས་གཏན་ནས་བྱས་མི་ཆོག རླངས་འཁོར་གཅིག་ལ་ལམ་ཡིག་གཅིག་གི་ལམ་ལུགས་ལྟར། ལམ་ཡིག་མེད་པའི་རླངས་འཁོར་ཚོགས་རར་བགྲོད་མི་ཆོག གླ་གཏོང་རླངས་འཁོར་གྱིས་འགྲུལ་བ་སྐྱེལ་སྐབས་ཁ་ཕྱོགས་གཅིག་ལ་སྐོར་བ་བརྒྱབ་ནས་ཚོགས་རར་བགྲོད་ཆོག གླ་གཏོང་རླངས་འཁོར་ཚོགས་རའི་ཉེ་འགྲམ་དུ་འཇོག་པ་དང་དུས་ཚོད་རིང་བོར་འདུག་པ་སོགས་བྱས་མི་ཆོག
དྲུག འགྲིམ་འགྲུལ་དོ་དམ་ལ་འགལ་བ་མ་ཟད་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལ་བརྩི་སྲུང་མི་བྱེད་པའི་ཁ་ལོ་བར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ལྟར་ཆད་པ་གཅོད་རྒྱུ་ཡིན་པ་མ་ཟད། རླངས་འཁོར་དང་འབྲེལ་ཡོད་དཔང་ཡིག་བཀག་ཉར་བྱ་རྒྱུ་ཡིན།
སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་འདི་དོན་བརྩི་སྲུང་བྱ་རོགས། འདིར་མ་འཐུས་པའི་དོན་གཞན་དག་རྗེས་ནས་ལོགས་སུ་བརྡ་ཁྱབ་གཏང་ངེས།
ཆེད་དུ་བརྡ་བཏང་བ་ལགས།
རྨ་ལྷོ་སོག་རྫོང་སྤྱི་བདེ་ཅུས་ནས།
2026ལོའི་ཟླ7པའི་ཚེས29ཉིན་ལ།
