全县各级党组织、广大党员干部和公职人员:
中秋、国庆双节将至,为持之以恒加固中央八项规定堤坝,牢固树立和践行正确政绩观,推进作风建设常态化长效化,严防“节日病”,守牢“廉洁关”,营造风清气正、欢乐祥和的节日氛围,河南县纪委监委现将有关纪律要求提醒如下:
一、坚持以上率下,扛牢主体责任
全县各级党组织要切实增强政治自觉,深入学习贯彻习近平总书记关于全面从严治党、作风建设重要论述,深刻认识中央八项规定及其实施细则精神是长期有效的铁规矩、硬杠杠,坚持以节点为“考点”,坚决扛牢全面从严管党治党政治责任和作风建设主体责任,从严从实加强教育监督管理,做实做细节前部署、节中提醒、节后总结。主要负责同志要认真履行“第一责任人”责任,严于律己,严负其责、严管所辖。班子成员要全面履行“一岗双责”,以身作则、带头示范,引导广大党员干部和公职人员自觉抵制歪风邪气,防止在节日期间思想松懈、纪律松弛,真正做到慎独慎微、知纪守纪,勤俭过节、廉洁过节。
二、严明纪律要求,筑牢廉洁防线
全县广大党员干部和公职人员,特别是领导干部要时刻绷紧纪律之弦,不折不扣贯彻执行中央八项规定及其实施细则精神和廉洁自律各项要求,严禁违规收送礼品礼金、购物卡券、土特产,包括通过网购、电子红包等衍生工具收送节礼;严禁用公款支付个人宴请、旅游、娱乐等活动费用;严禁组织或参与“升迁宴”“饯行宴”“接风宴”或其他明显带有小圈子性质的聚餐、可能影响公正执行公务的宴请;严禁公车私用、私车公养,违规借用、占用管理和服务对象车辆,杜绝酒驾醉驾;严禁以节日名义巧立名目违规发放津贴、补贴、奖金或实物;严禁借婚丧喜庆大操大办或借机敛财,拒绝铺张浪费;严禁以学习培训、考察、调研等名义变相公款旅游;严禁组织或参与“黄赌毒”封建迷信等活动;严禁值班人员脱岗、漏岗、酒后上岗,或遇到重要情况不请示、不报告等问题。
三、强化监督执纪,严肃追责问责
县、乡两级纪检监察机关要深刻认识“四风”问题顽固性、反复性、隐蔽性特点,持续加压发力,紧盯违规吃喝、违规收送礼品礼金等节日期间易发多发“四风”问题,加大监督检查频次和力度。对违反规定的人与单位,一律通报曝光、从严追责问责,既查组织者还查参与者,既查收礼人还查送礼人,深挖背后请托办事、利益输送、权钱交易等腐败问题,持续释放一严到底的强烈信号,不断巩固风清气正的良好政治生态。
举报电话:0973-8762966;
举报网站:http://qinghai.12388.gov.cn;
举报地址:青海省黄南州河南县察罕丹津西大街204号县纪委监委(原河南县疾控中心)一楼综合一室。
中共河南县纪律检查委员会
2026年9月23日
2026ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་སུ་སྒྲིག་ཁྲིམས་སྤྱོད་ཚུལ་གྱི་བླང་བྱ་ནན་མོར་གཏོང་བའི་སྐོར་གྱི་བརྡ་ཐོ།
རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་ཞབས་པ་ཡོངས་ལ།
ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་སླེབ་ཉེར་ཡོད་པར། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་འགོག་རགས་སྲ་བརྟན་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་ལག་བསྟར། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད། “དུས་ཆེན་གྱི་ནད་རིམས”ནན་འགོག “སྤྱོད་གཙང་འགག་སྒོ”བརྟན་སྲུང་། སྤྱོད་བཟང་གཞུང་དྲང་དང་སྤྲོ་སྣང་འཆམ་མཐུན། དུས་ཆེན་གྱི་རྣམ་པ་བཅས་གཏོད་ཆེད། རྨ་ལྷོ་རྫོང་སྒྲིག་ཨུ་ལྟ་བཤེར་ཨུ་ཡོན་ལྷན་ཁང་གིས་ད་ལྟ་འབྲེལ་ཡོད་སྒྲིག་ཁྲིམས་ཀྱི་བླང་བྱ་དྲན་སྐུལ་བཏང་བ་གཤམ་ལྟར།
གཅིག གོང་དཔེ་འགབ་སྟོན་མཐའ་འཁྱོངས་བྱས་ཏེ། སྲོག་ཤིང་གི་འགན་འཁྲི་བརྟན་པོར་འཁུར་དགོས།
རྫོང་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་དངོས་གནས་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ནི་ཡུན་རིང་བོར་ནུས་པ་ལྡན་པའི་བཟློག་མེད་ཀྱི་སྒྲིག་སྲོལ་དང་བཀན་ཤིང་མཁྲེགས་པོ་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། སྦྲེལ་ཚིགས“རྒྱུགས་ཚིགས”སུ་བྱེད་པ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་དོ་དམ་དང་ཏང་ནན་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱོད་ཚུལ་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་ཕྲག་ཏུ་འཁུར་ནས། སློབ་གསོའི་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དང་། དུས་ཆེན་སྔོན་ལ་བཀོད་སྒྲིག་དོན་འཁྱོལ་དང་། དུས་ཆེན་རིང་ལ་དྲན་སྐུལ་ཉེན་བརྡ། དུས་ཆེན་རྗེས་སུ་ཡོ་བསྲང་ཕྱོགས་སྡོམ་བཅས་ལེགས་སྒྲུབ་ཞིབ་མོ་བྱ་དགོས། འགན་འཁུར་བློ་མཐུན་གཙོ་བོས“འགན་འཁུར་པ་དང་པོའི”འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ། རང་གཅུན་ནན་མོ་དང་འགན་འཁྲི་ནན་འཁུར། མངའ་ཁོངས་བདག་དམ་ནན་མོ་བྱ་དགོས། ཚན་ཁག་གི་ཁོངས་མིས་ཕྱོགས་ཡོངས་ནས“གནས་གཅིག་འགན་གཉིས”ལག་བསྟར་ནན་མོ་དང་། རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་ཞབས་པ་ཚང་མས་རང་རྟོགས་ཀྱིས་སྤྱོད་ངན་གཏན་འགོག་དང་། དུས་ཆེན་སྐབས་བསམ་བློ་ལྷོད་ཡངས་དང་སྒྲིག་ཁྲིམས་ལང་ཤོར་དུ་གཏོང་བ་སྔོན་འགོག་བྱས་ནས། དངོས་གནས་རང་གཅུན་ནན་མོ་དང་སྒྲིག་ཁྲིམས་བརྩི་སྲུང་དང་། དུས་ཆེན་བརྩོན་བསྲིས་དང་སྤྱོད་གཙང་གིས་གཏོང་རོལ་ཐུབ་པ་བྱ་དགོས།
གཉིས། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་མོར་བཏང་སྟེ། སྤྱོད་གཙང་གི་འགོག་རགས་བརྟན་པོར་བསྐྲུན་དགོས།
རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་ཞབས་པ། ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་དུས་རྟག་ཏུ་སྒྲིག་ཁྲིམས་ཀྱི་སྡོམ་ཐག་དམ་པོར་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། སྤྱོད་གཙང་རང་གཅུན་སྣ་ཚོགས་ཀྱི་བླང་བྱ་ཆད་ལུས་མེད་པར་ལག་བསྟར་མཐིལ་ཕྱིན་དང་། སྒྲིག་འགལ་གྱིས་ལེགས་སྐྱེས་འབུལ་རྟེན་དང་ཉོ་སྒྲུབ་འཛིན་བྱང་། ཡུལ་ཐོན་ཁྱད་རྫས་བཅས་ལག་སྐྱེས་འབུལ་བ་དང་ལེན་པ་གཏན་འགོག་དང་། དེའི་ནང་དྲ་ཐོག་ཉོ་སྒྲུབ་དང་གློག་རྡུལ་ཁུག་དམར་སོགས་བསྐྱར་འགྱུར་ཡོ་བྱད་ཀྱི་དུས་ཆེན་ལག་སྐྱེས་འབུལ་བ་དང་ལེན་པ་ཡང་ཐེ། གཞུང་དངུལ་སྤྱད་དེ་མི་སྒེར་གྱི་གསོལ་སྟོན་དང་ཡུལ་སྐོར། རོལ་རྩེད་སོགས་ཀྱི་བྱེད་སྒོའི་འགྲོ་གྲོན་གཏོང་བ་གཏན་འགོག་བྱེད་པ། “གོ་གནས་འཕར་བའི་གསོལ་སྟོན”དང“སྐྱེལ་འདྲེན་གསོལ་སྟོན”། “བསུ་མའི་གསོལ་སྟོན”ནམ་ཡང་ན་མངོན་གསལ་་གྱི་ཤོག་ཁག་ཆུང་ངུའི་ངོ་བོ་ལྡན་པའི་མཉམ་འཛོམས་གསོལ་སྟོན་གཞན་པ་དང་། གཞུང་དྲང་གིས་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཡོད་སྲིད་པའི་གསོལ་སྟོན་གཏན་འགོག་བྱེད་པ། གཞུང་འཁོར་སྒེར་སྤྱོད་དང་སྒེར་འཁོར་གཞུང་གསོ་དང་། སྒྲིག་འགལ་གྱིས་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་རླངས་འཁོར་གཡར་སྤྱོད་དང་འཛིན་སྤྱོད་བྱེད་པ་ནན་འགོག་དང་། ཆང་འཐུང་ནས་བཟི་སྟེ་རླངས་འཁོར་བསྐོར་བ་གཏན་འགོག་བྱེད་པ། དུས་ཆེན་གྱི་མིང་ཐོག་ནས་སྒྲིག་འགལ་གྱིས་ཕོགས་གསབ་དང་ཁ་གསབ། དགའ་རྟགས་སམ་ཡང་ན་དངོས་ཟོང་སྟེར་བ་གཏན་འགོག་བྱེད་པ། གཉེན་སྟོན་དང་འདས་མཆོད་ལ་བསྟུན་ནས་ཆེ་སྒྲུབ་རྒྱས་སྤྲོས་བྱེད་པའམ་ཡང་ན་གོ་སྐབས་བསྟུན་ནས་རྒྱུ་ནོར་བསྡུ་ལེན་བྱས་ཏེ། རྒྱས་སྤྲོས་ཆུད་ཟོས་གཏོང་བ་གཏན་འགོག་བྱེད་པ། སློབ་སྦྱོང་གསོ་སྦྱོང་དང་རྟོག་ཞིབ། བརྟག་ཞིབ་སོགས་ཀྱི་མིང་ཐོག་ནས་རྣམ་པ་འགྱུར་བའི་གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ་གཏན་འགོག “འཆལ་རྒྱན་དུག”གསུམ་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་པའམ་ཡང་ན་དེའི་ནང་ཞུགས་པ་གཏན་འགོག ལས་རེས་མི་སྣ་ལས་གནས་ལས་བྲལ་བ་དང་། ལས་གནས་སུ་ཆད་པའམ་ཡང་ན་ཆང་འཐུང་ནས་ལས་གནས་སུ་ཞུགས་པ་དང་། ཡང་ན་གནས་ཚུལ་གལ་ཆེན་འཕྲད་སྐབས་དགོངས་སྐོར་སྙན་ཞུ་མི་བྱེད་པ་དང་སྙན་ཞུ་མི་བྱེད་པའི་གནད་དོན་སོགས་གཏན་འགོག་བྱ་དགོས།
གསུམ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ཤུགས་ཆེར་བཏང་སྟེ། འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས།
རྫོང་དང་ཞང་རིམ་པ་གཉིས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་གྱིས“སྤྱོད་ཚུལ་བཞིའི”གནད་དོན་གྱི་སྲ་མཁྲེགས་རང་བཞིན་དང་བསྐྱར་ཟློས་རང་བཞིན། སྦས་སྐུང་རང་བཞིན་གྱི་ཁྱད་ཆོས་ངོས་འཛིན་གཏིང་ཟབ་བྱས་ཏེ། མུ་མཐུད་དུ་ཤུགས་འདོན་ཧུར་བསྐྱེད་བྱེད་པ་དང་། སྒྲིག་འགལ་གྱིས་ཟ་འཐུང་དང་། སྒྲིག་འགལ་གྱིས་ལག་སྐྱེས་འབུལ་རྟེན་འབུལ་བ་དང་ལེན་པ་སོགས་དུས་ཆེན་སྐབས་སུ་འབྱུང་མང་བ་དང་འབྱུང་སླ་བའི“སྤྱོད་ཚུལ་བཞིའི”གནད་དོན་ལ་དམ་པོར་དམིགས་ནས། ལྟ་སྐུལ་ཞིབ་བཤེར་གྱི་ཐེངས་གྲངས་དང་ནུས་ཤུགས་ཆེ་རུ་གཏོང་དགོས། གཏན་འཁེལ་དང་འགལ་བའི་མི་སྒེར་དང་ལས་ཁུངས་ཚང་མ་བརྡ་ཁྱབ་བཏང་ནས་གསལ་འདོན་བྱེད་པ་དང་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་ཤིང་། རྩ་འཛུགས་མཁན་ཞིབ་བཤེར་བྱ་དགོས་པ་མ་ཟད་ནང་དུ་ཞུགས་མཁན་ཡང་ཞིབ་བཤེར་བྱ་དགོས་ལ། ལག་རྟགས་ལེན་མཁན་ཞིབ་བཤེར་བྱ་དགོས་པ་མ་ཟད་ལག་རྟགས་འབུལ་མཁན་ཡང་ཞིབ་བཤེར་བྱས་ཏེ། ལྟག་རྒྱབ་ཀྱི་མངག་བཅོལ་ལས་སྒྲུབ་དང་ཁེ་ཕན་སྐྱེལ་འདྲེན། དབང་ནོར་བརྗེ་རེས་ཀྱི་རུལ་སུངས་གནད་དོན་སྔོག་འདོན་ཟབ་མོ་བྱ་དགོས་པ་དང་། མུ་མཐུད་དུ་ནན་གཅིག་མཐར་ཐུག་གི་བརྡ་རྟགས་དྲག་པོ་བཏོན་ཏེ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་བཟང་བོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།
ཐེར་འདོན་ཁ་པར། 0973-8762966
ཐེར་འདོན་དྲ་ཚིགས། http://qinghai.12388.gov.cn
ཐེར་འདོན་ས་གནས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་ཚེ་དབང་བསྟན་འཛིན་ནུབ་སྲང་ཆེན་མོའི་ཨང204པ་རྨ་ལྷོ་རྫོང་སྒྲིག་ཨུ་ཞིབ་བཤེར་ཨུ་ཡོན་ལྷན་ཁང(དེ་སྔའི་རྨ་ལྷོ་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས)ཁེར་ཐོག་གི་ཕྱོགས་བསྡུས་ཁང་དང་པོ།
ཀྲུང་གུང་རྨ་ལྷོ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།
2026ལོའི་ཟླ9པའི་ཚེས23ཉིན།