当前位置: 首页 / 政务专题 / 疫情动态 / 内容列表
河南县新型冠状病毒感染的肺炎疫情防控处置工作指挥部通告(藏文)
2021-01-25 10:24 来源: 河南县委宣传部


རྨ་ལྷོ་རྫོང་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

ཟླ1ཚེས15ཉིན།ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲིན་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་བརྡ་ཁྱབ་བཏང་བ་ལྟར་ན།ཧྲང་ཧའེ་གྲོང་ཁྱེར་ཅིན་ཧྲིན་ཁུལ་ཧྲང་ཧའེ་ཨའོ་མས་ཐི་ཟས་རིགས་ཚད་ཡོད་ཀུང་ཟིས་ཨ་ཀེན་ཐིན་ནས་རང་རྒྱལ་དུ་ནང་འདྲེན་བྱས་པའི་འཁྱགས་བཟོས་སྐམ་ཤ་ཁག་ཅིག་ལ་ཉིང་སྐྱུར་ཞིབ་དཔྱད་བྱས་ཏེ་པྲོག་གསར་རིམས་ནད་དང་འབྲེལ་བ་ཡོད་པའི་དངོས་ཟོག་ནང་ཚུད་ཡོད་པར།ཐེངས་འདིར་རང་ཞིང་གི་རྩེ་ཁོག་རྫོང་དང་འབའ་རྫོང་།ན་གོར་མོ་གྲོང་ཁྱེར། ཡུལ་ཤུལ་གྲོང་ཁྱེར་དང་ཁྲི་འདུ་རྫོང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་བཅས་སུ་ནང་འདྲེན་བྱས་ཡོད་པས།འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

    གཅིག ཉེ་ལམ་རང་ཞིང་གི་རྩེ་ཁོག་རྫོང་དང་འབའ་རྫོང་།ཡུལ་ཤུལ་གྲོང་ཁྱེར་དང་ཁྲི་འདུ་རྫོང་། ན་གོར་མོ་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་བཅས་སུ་སོང་སྟེ།རིམས་ནད་དང་འབྲེལ་བ་ཡོད་པའི་འཁྱགས་བཟོས་སྐམ་ཤ་ཉོས་མྱོང་ཡོད་པ་མ་ཟད།ཕྱིར་ཚོང་མི་སྣ་དང་འབྲེལ་བ་བྱས་མྱོང་ཡོད་པའི་མི་སྒེར་གྱིས་འཕྲལ་དུ་རང་འགུལ་གྱིས་རང་ཉིད་ཡོད་སའི་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་ལ་སྙན་སེང་ཞུ་དགོས།གསང་ནས་མི་ཞུ་བ་དང་རྫུན་ཞུ། གོང་ཞུ་མི་བྱེད་པ་བཅས་ཀྱི་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་།དུས་མཚུངས་སུ་རིམས་ནད་དང་འབྲེལ་བ་ཡོད་པའི་འཁྱགས་བཟོས་སྐམ་ཤ་ཉར་ཚགས་བྱས་ཏེ།དེ་གར་ཐུག་རེག་མི་བྱེད་པར་ཆེད་ལས་མི་སྣས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པར་སྒུག་དགོས།

གཉིས། ཕྱིར་ཚོང་མི་སྣ་དང་འབྲེལ་འདྲེས་བྱས་མྱོང་བའི་མི་སྣས་རང་འགུལ་གྱིས་ཁྱིམ་སྡོད་ལོགས་བཀར་ཡག་པོ་བྱེད་པ་དང་ཁ་ཐུམ་ཡག་པོ་བརྒྱབ་ནས་ཕྱིར་འགྲོ་འོང་མི་བྱེད་པ་དང་།མི་གཞན་དང་འབྲེལ་འདྲེས་དམ་ཟབ་མི་བྱེད་པ།དུས་ཐོག་ཏུ་ཁ་པར་བརྒྱུད་དེ་གནས་སའི་ཡུལ་ཚོའམ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་ལ་འབྲེལ་བ་བྱས་ནས་ཆེད་ལས་མི་སྣས་སྒོ་ཁར་ཡོང་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུར་སྒུག་དགོས།

   གསུམ། བཟའ་བཏུང་གསོལ་མགྲོན་ཁང་དང་བརྒྱུད་འཚོང་པ། ཚོང་བ། མི་སྒེར་བཅས་ཀྱིས་རང་དགར་ཡོང་ཁུངས་གསལ་པོ་མེད་པའི་འཁྱགས་བཟོས་སྐམ་ཤ་ཉོས་ཚེ།འཕྲལ་དུ་འཚོང་མཚམས་འཇོག་པ་དང་།རང་སར་སོར་འཇོག་ཉར་ཚགས། ཐུག་རེག་མི་བྱེད་པ་བཅས་བྱས་ཏེ།རང་འགུལ་གྱིས་རང་ཉིད་ཡོད་སའི་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པ་དང་ཆེད་ལས་མི་སྣ་སྒོ་ཁར་ཡོང་ནས་ཉིང་སྐྱུར་ཞིབ་དཔྱད་བྱེད་པར་སྒུག་དགོས།གསང་ནས་མི་ཞུ་བ་དང་རྫུན་ཞུ། སྙན་སེང་མི་ཞུ་བ་བཅས་བྱས་ཚེ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།

   བཞི། རྫོང་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྡ་ཐོ་འདི་ཧུར་ཐག་གིས་བརྒྱུད་སྐུར་དང་ཕན་ཚུན་སྒྲོག་བཤད།ཕན་ཚུན་ལྟ་སྐུལ་བཅས་བྱས་ཏེ། རང་འགུལ་གྱིས་མི་སྒེར་དང་སྤྱི་པའི་འདུ་གནས་འགོག་སྲུང་ཡག་པོ་བྱེད་པ་དང་།ཁ་ཐུམ་བརྒྱབ་ནས་གསོལ་སྟོན་དང་འདུ་འཛོམས་བྱེད་ཚད་ཇེ་ཉུང་དུ་གཏོང་བ། ཁང་པའི་ནང་རླུང་རྒྱུ་རུ་འཇུག་པ།བདེ་ཐང་དང་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བཅས་བྱེད་དགོས། དུས་མཚུངས་སུ།ཁྱེད་དང་རྫོང་ཡོངས་ཀྱི་མི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཡོང་ཆེད། ཧུར་བརྩོན་དང་རང་འགུལ་གྱིས་མཐའ་འཁོར་ཉེ་མཚེས་རྩེ་ཁོག་རྫོང་དང་འབའ་རྫོང་།རེབ་གོང་། ཀན་སུའུ་རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང་། བསང་ཆུ་རྫོང་སོགས་སུ་འགྲོ་འོང་དང་འབྲེལ་འདྲེས་མི་བྱེད་པ་མ་ཟད།རིམས་ནད་དང་འབྲེལ་བ་ཡོད་པའི་འཁྱགས་བཟོས་སྐམ་ཤའི་ཁུངས་སྣེ་འདོན་སྤྲོད་བྱས་ཏེ།རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་བསམ་ཤེས་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་གནང་རོགས།



རྨ་ལྷོ་རྫོང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

ཨང(2)པ།

མིག་སྔར།རྒྱལ་ནང་དུ་ནད་དཔེ་ཐ་ཐོར་དང་ཁ་ཤས་འདུ་བའི་རང་བཞིན་གྱི་རིམས་ནད་བསྟུད་མར་མཆེད་བཞིན་ཡོད་ཅིང་།ལྷག་པར་དུ་ཧོ་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་དང་ཞིན་ཐའེ་གྲོང་ཁྱེར།པེ་ཅིན་གྲོང་ཁྱེར་སོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་ཛ་དྲག་ཆེ་བ་དང་།དེའི་ཁར་ལོ་གསར་དུས་ཆེན་ཐོན་ལ་ཉེ་སྐབས།མི་སྣ་འཁོར་སྐྱོད་འདུ་འཛོམས་མང་བས།རིམས་ནད་ནང་འདྲེན་དང་འགོས་ཁྱབ་ཀྱི་ཉེན་ཁ་བསྟུད་མར་ཆེ་རུ་འགྲོ་བཞིན་ཡོད།རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་ཐང་འགན་ལེན་དང་།མི་སྣ་དང་དངོས་ཟོག་མཉམ་འགོག་བྱ་བ་གནད་ཁེལ་དངོས་འབེབ། ཐོབ་པར་དཀའ་བའི་རང་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་བཅས་སྲ་བརྟན་དུ་གཏོང་ཆེད།ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་ལྟར།

གཅིག ཞང་དང་གྲོང་རྡལ(སྡེ་ཁུལ)སོ་སོ་དང་།སྡེ་ཁག་དང་ཁེ་ལས་དོན་ལས་ལས་ཁུངས་སོ་སོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་བཞག་སྟེ།ཚད་མཐའི་བསམ་བློ་འཛུགས་པ་དང་། ཕྱོགས་ཡོངས་ནས་བཀོད་སྒྲིག་ཞིབ་ཚགས་དང་། བྱ་བའི་སྒྲིག་ཁྲིམས་ནན་མོར་གཏོང་བ།འགན་འཁྲི་ནན་འགེལ་བྱས་ཏེ།འཕྲལ་སྡོམ་ལས་རེས་དང་ཆ་འཕྲིན་སྐྱེལ་སྤྲོད་ཤུགས་ཆེར་གཏོང་བ་དང་།མཉམ་འགོག་མཉམ་སྡོམ་གྱི་རྐྱེན་སྲོལ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་དང་།ཞིང་ཆེན་དང་ཁུལ་རིམ་པའི་བཀོད་འདོམས་པུའི་དགུན་དཔྱིད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་སྒྲིག་དང་བླང་བྱ་ཞིབ་ཕྲ་དངོས་འབེབ་ནན་མོ་བྱས་ཏེ།མཉམ་འགོག་མཉམ་སྡོམ་དང་མཉམ་འགོག་མཉམ་བཅོས་ཀྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་།རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་ལེན་ནན་མོ་བྱེད་དགོས།


གཉིས།  ཞང་དང་གྲོང་རྡལ(སྡེ་ཁུལ)སོ་སོ་དང་།སྡེ་ཁག་དང་ཁེ་ལས་དོན་ལས་ལས་ཁུངས་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་ས་ཁོངས་ཀྱི་འགན་འཁྲི་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དངོས་འབེབ་ནན་མོ་བྱས་ཏེ།ཉེན་ཁ་ཆེ་འབྲིང་ས་ཁུལ(ལྷག་པར་དུ་ཧོ་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་གྲོང་ཁྱེར་དང་ཞིན་ཐའེ་གྲོང་ཁྱེར་སོགས)ནས་མཚོ་སྔོན་དུ་ཕེབས་པ་དང་རང་རྫོང་དུ་ལོག་པའི་སྐྱེལ་འདྲེན་རླངས་འཁོར་དང་མི་སྣའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དགོས།ཞིང་ཆེན་ཕྱི་རོལ་ནས་ཕྱིར་རྫོང་དུ་ལོག་མཁན་ཚང་མས་ངེས་པར་དུ་ཉིན་གསུམ་ནང་གི་ཉིང་སྐྱུར་བཤེར་འཇལ་སྲིབ་ཅན་གྱི་བརྟག་དཔྱད་སྙན་ཞུ་འཁྱེར་ཡོང་དགོས་པས།དེང་གི་དུས་རིམ་དུ་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་གཞིར་བཟུང་ན། དོ་དམ་ཚོད་འཛིན་ལ་བྱེ་བྲག་གི་བྱེད་ཐབས་གཤམ་ལྟར།

   1.ཉེན་ཁ་ཆེ་བའི་ས་ཁུལ་ནས་རྫོང་དུ་ཕྱིར་ལོག་པའི་མི་སྣ་དང་། ནད་དཔེ་ངོས་བཟུང་བ་དང་ནད་རྟགས་མེད་པའི་ནད་པ་དང་འབྲེལ་འདྲེས་དམ་པོ་བྱེད་མྱོང་མཁན།མངའ་ཁོངས་སུ་ལོག་སྟེ་གཅིག་སྡུད་ཀྱིས་ལོགས་བཀར་བྱས་མཐར་གློད་གྲོལ་བཏང་ནས་རྫོང་དུ་ལོག་པའི་མི་སྣ་སོགས་ཚང་མས“ཉིན14ལ་གཅིག་སྡུད་ལོགས་བཀར་གྱིས་གསོ་རིག་བརྟག་ཞིབ+ཉིང་སྐྱུར་བཤེར་འཇལ་ཐེངས2”གྱི་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ཏེ།བརྟག་དཔྱད་མཇུག་འབྲས་སྲིབ་ཅན་ཡིན་ན་གཅིག་བསྡུས་ལོགས་བཀར་ལས་གློད་དེ།ཉིན་བདུན་རིང་ཁྱིམ་སྡོད་གསོ་རིག་བརྟག་ཞིབ+ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་གི་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་པ་དང་།ཞིབ་བཤེར་ཐེངས་གསུམ་པའི་མཇུག་འབྲས་སྲིབ་ཅན་ཡིན་ན་ཁྱིམ་སྡོད་གསོ་རིག་བརྟག་ཞིབ་ལས་གློད་དགོས།

2.ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་རྫོང་དུ་ཕྱིར་ལོག་པའི་མི་སྣ་ཡིན་ན།ཉིན་གསུམ་ནང་གི་ཉིང་སྐྱུར་སྲིབ་གཤིས་ཡིན་པའི་བཤེར་འཇལ་སྙན་ཞུ་འཁྱེར་ཡོང་དགོས།དུས་དང་པོར་ཉིན7གྱི་ཁྱིམ་སྡོད་གསོ་རིག་བརྟག་ཞིབ+ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་གི་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་དགོས་ལ། བཤེར་འཇལ་མཇུག་འབྲས་སྲིབ་གཤིས་ཡིན་ན་ཁྱིམ་སྡོད་གསོ་རིག་བརྟག་ཞིབ་ལས་གློད་དགོས། ཉིང་སྐྱུར་བཤེར་འཇལ་སྙན་ཞུ་མེད་ན།དུས་དང་པོར་གཅིག་བསྡུས་ལོགས་བཀར་བྱེད་སར་བསྐྱལ་ནས་གཅིག་བསྡུས་ལོགས་བཀར་དང་ཉིང་སྐྱུར་བཤེར་འཇལ་བྱེད་དགོས་ལ།བཤེར་འཇལ་མཇུག་འབྲས་སྲིབ་གཤིས་ཡིན་ན་གཅིག་བསྡུས་ལོགས་བཀར་ལས་གློད་དེ།ཉིན་བདུན་ལ་ཁྱིམ་སྡོད་གསོ་རིག་བརྟག་ཞིབ+ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་གི་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་དགོས་པ་དང་།བཤེར་འཇལ་ཐེངས་གཉིས་པའི་མཇུག་འབྲས་ཀྱང་སྲིབ་གཤིས་ཡིན་ན་ཁྱིམ་སྡོད་གསོ་རིག་བརྟག་ཞིབ་ལས་གློད་དགོས།

3.ཉེན་ཁ་ཆུང་བའི་ས་ཁུལ་ནས་རྫོང་དུ་ཕྱིར་ལོག་པའི་མི་སྣ་ཚང་མས“ལྗང་མདོག་བདེ་ཐང་ཨང་རྟགས”དང་ཉིན་གསུམ་ནང་གི་ནུས་ཡོད་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་སྙན་ཞུ་འདོན་དགོས་པ་མ་ཟད།དུས་དང་པོར་ཉིན་བདུན་ལ་ཁྱིམ་སྡོད་གསོ་རིག་བརྟག་ཞིབ+ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་གི་དོ་དམ་ཚོད་འཛིན་བྱེད་ཐབས་དངོས་འབེབ་བྱེད་དགོས། ཉིང་སྐྱུར་བཤེར་འཇལ་སྙན་ཞུ་མེད་ན།དུས་དང་པོར་ཉིང་སྐྱུར་བཤེར་འཇལ་གྱི་དོ་དམ་ཚོད་འཛིན་དངོས་འབེབ་བྱེད་དགོས་པ་མ་ཟད།ཉིན་བདུན་ལ་ཁྱིམ་སྡོད་གསོ་རིག་བརྟག་ཞིབ་དང+ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་གི་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་དངོས་འབེབ་དང་།བཤེར་འཇལ་ཐེངས་གཉིས་པའི་མཇུག་འབྲས་ཀྱང་སྲིབ་གཤིས་ཡིན་ན་ཁྱིམ་སྡོད་གསོ་རིག་བརྟག་ཞིབ་ལས་གློད་དགོས།

གཉིས།  ཞང་དང་གྲོང་རྡལ་སོ་སོ།སྡེ་ཁག་དང་ལས་ཁུངས་སོ་སོས2020ལོའི་ཟླ12པའི་ཚེས15ཉིན་ནས་བཟུང་ཉེན་ཁ་ཆེ་འབྲིང་ས་ཁུལ(ལྷག་པར་དུ་ཧོ་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་གྲོང་ཁྱེར་དང་ཞིན་ཐའེ་གྲོང་ཁྱེར)ནས་རྫོང་དུ་ཕྱིར་ལོག་པའི་མི་སྣར་དུས་ཐོག་ཏུ་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་དགོས་པ་དང་།གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་འབྲེལ་ཡོད་མི་སྣ་སྐབས་ཐོག་ཏུ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་གཞུང་ལས་ཁང་ལ་སྙན་སེང་ཞུས་ཏེ།ཁྱིམ་སྡོད་བརྟག་ཞིབ་དོ་དམ་ཚོད་འཛིན་དང་ཉིང་སྐྱུར་བཤེར་འཇལ།བདེ་ཐང་རྗེས་བཅར་སོགས་ཀྱི་བྱེད་ཐབས་དངོས་འབེབ་བྱེད་དགོས། འདིར་རྒྱ་ཆེའི་མང་ཚོགས་ལ་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་ཡུལ་སྐོར་གནས་སྡོད་དང་འབྲེལ་འདྲིས་དམ་པོ་བྱས་མྱོང་མཁན་གྱིས་སྦ་གསང་བྱེད་པར་ཧུར་བརྩོན་ཆེན་པོས་ཐེར་འདོན་གོང་ཞུ་བྱེད་པར་སྐུལ་འདེད་བྱས་ཏེ།གཏན་ནས་ཡར་ཞུ་མི་བྱེད་པ་དང་ལག་བསྟར་མི་བྱེད་པ།གཞོགས་འདེགས་མི་བྱེད་པ།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལས་འགལ་བའི་མི་སྣ་ལ་ཁྲིམས་སྲོལ་ལྟར་ཐག་གཅོད་བྱ་དགོས།

གསུམ། ཞང་དང་གྲོང་རྡལ(སྡེ་ཁུལ)སོ་སོ་དང་།རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་དང་འཕྲོད་བསྟེན་བདེ་ཐང་ཅུས་མི་དང་དངོས་ཟོག་མཉམ་འགོག་བྱེད་པའི་རིམས་འགོག་བླང་བྱ་སྔར་ལས་ཇེ་དྲག་ཏུ་བཏང་སྟེ།ཞིང་ཆེན་ཕྱི་རོལ་ནས་རྫོང་དུ་ལོག་པའི་མི་སྣ་ཡིན་ན། ལྷག་པར་དུ་སྨན་དོན་མི་སྣ་དང་མྱུར་སྐྱེལ་བ།གནམ་ཐང་དང་རླངས་འཁོར་འབབ་ཚུགས་ཀྱི་ལས་དོན་མི་སྣ།འཁྱགས་ཕྲེང་ཟས་རིགས་ལས་སྒྲུབ་མི་སྣ།ཞབས་ཞུ་ལས་ཁུངས་ཀྱི་ཞབས་ཞུ་མི་སྣ་སོགས་གནད་སའི་ལས་རིགས་མི་ཚོགས་ཀྱིས་མི་སྒེར་གྱི་འགོག་སྲུང་བྱེད་ཐབས་ལེགས་སྒྲུབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོགརྫོང་དུ་ཕྱིར་ལོག་པའི་དུས་དང་པོར་རང་ཉིད་གནས་སའི་ཞང་དང་གྲོང་རྡལ།  སྡེ་ཁུལ་ལ་ཕྱིར་ལོག་པའི་སྙན་སེང་ཞུ་དགོས་པ་མ་ཟད།མི་སྒེར་གྱི་སྙན་ཞུའི་ཁས་ལེན་ལམ་ལུགས་དངོས་འབེབ་བྱས་ཏེ།བྱེད་སྒོའི་རྗེས་ཤུལ་ཇི་མ་ཇི་བཞིན་དང་མི་སྒེར་གྱི་བདེ་ཐང་གནས་ཤུལ་མཁོ་འདོན་ཐུབ་པར་འགན་ལེན་དང་།  ངེས་པར་དུ་རང་ས་གནས་ཀྱི་སྔོན་འགོག་ཚོད་འཛིན་སྡེ་ཁག་ལ་གཞོགས་འདེགས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དངོས་འབེབ་བྱས་ནས། ཚང་མ་གཏན་འབེབས་ལྟར་པྲོག་དབྱིབས་རིམས་ནད་གསར་བའི་ཉིང་སྐྱུར་བཤེར་འཇལ་བྱེད་དགོས་ལ།ཞིང་ཆེན་ཕྱི་རོལ་ནས་རྫོང་དུ་ལོག་པའི་མི་སྣར་ཉིང་སྐྱུར་བཤེར་འཇལ་དང་དོ་དམ་ཚོད་འཛིན་བྱེད་པ་དེ་ཁྱོན་ཡོངས་ལ་ཁེབས་པའི་བཀོད་སྒྲིག་བླང་བྱ་དངོས་འབེབ་ནན་མོ་བྱེད་པ་དང་།ཞང་དང་གྲོང་རྡལ(སྡེ་ཁུལ)གྱི་བདེ་ཐང་དོ་དམ་ལྟ་ཞིབ་ཚད་ལེན་ནང་བཞག་སྟེ།  སྦ་གསང་དང་རྫུན་ཞུ་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོས་པར།ཁྲིམས་ལྟར་འབྲེལ་ཡོད་འགན་འཁྲི་རྩད་གཅོད་བྱེད་དགོས། ནང་འདྲེན་འཁྱགས་ཕྲེང་ཟས་རིགས་ཀྱི་འབྲེལ་ཐག་ཧྲིལ་པོར་དོ་དམ་ཚོད་འཛིན་བྱེད་པའི་ནུས་ཤུགས་སྔར་ལས་ཆེ་རུ་བཏང་སྟེ།ཕྱི་རྒྱལ་ལམ་ཡང་ན་རྒྱལ་ནང་ནས་ཡོང་བའི་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་དངོས་ཟོག་ལ་ཐོ་འགོད་སྙན་སེང་དང་དོ་དམ་བྱས་ནས།“ཡོང་ཁུངས་ཞིབ་བཤེར་བྱེད་ཆོག་པ་དང་གང་སར་རྩད་གཅོད་བྱེད་ཆོག་པའི”བདེན་དཔང་དང་འཛིན་བྱང་རྩད་གཅོད་ལམ་ལུགས་དངོས་འབེབ་དང་།འབྲེལ་ཡོད་གཏན་འབེབས་ལྟར།སྔོན་ལ་སྙན་སེང་དང་ཞིབ་དཔྱད་ཚད་ལེན།ཕྱོགས་ཡོངས་དུག་སེལ།ཆིག་རྐྱང་ཉར་འཇོགཉིང་སྐྱུར་བཤེར་འཇལ་བྱས་ནས་སྲིབ་གཤིས་ཡིན་ན་སྒམ་ཁ་ཕྱེ་བ་སོགས་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལེགས་སྒྲུབ་ནན་མོ་བྱེད་པ་དང་།བཤེར་འཇལ་ཐེངས་གྲངས་ཇེ་མང་དུ་བཏང་སྟེ། ནང་འདྲེན་འཁྱགས་ཕྲེང་ཟས་རིགས་ཡོད་ཚད་དུས་དང་པོར་དུག་སེལ་དང་ལོགས་བཀར།  བཤེར་འཇལ་བྱེད་པར་བསྐྱལ་བ་སོགས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་ལ་ཁག་ཐེག་བྱེད་དགོས།“དཔང་གསུམ་ཨང་གཅིག”ཕྱིར་ཚོང་ཞིབ་བཤེར་ལམ་ལུགས་དངོས་འབེབ་ནན་མོ་བྱས་ཏེ།ནང་འདྲེན་འཁྱགས་ཕྲེང་ཟས་རིགས་ཀྱི་སྔོན་འགོག་ཚོད་འཛིན་དྲ་བ་དམ་པོར་བཟོ་དགོས།

བཞི།རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་དང་སྤྱི་བདེ།ཚོང་ར་ལྟ་སྐུལ་དོ་དམ།དམངས་སྲིད་ཅུའུ།མི་རིགས་ཆོས་ལུགས་ཅུའུ་སོགས་ལས་རིགས་གཉེར་སྐྱོང་སྡེ་ཁག་གིས“ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་རིམས་ནད་དོ་དམ་བྱ་དགོས་པའི”བླང་བྱ་ལྟར།དམངས་སྲིད་ཞབས་ཞུ་དང་ལྟ་སྐུལ་དོ་དམ་ལས་ཁུངས།འགྲུལ་སྐྱེལ་ས་ཚིགས།དགོན་སྡེ་སོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྔར་ལས་ཤུགས་བསྣན་ཏེ།ཚོང་ར་ཁྲོམ་ར་དང་རིག་གནས་དང་ལུས་རྩལ་འགྲན་ཁུལ།བཟའ་བཏུང་སྒྲིག་གཞི།དགོན་སྡེ་བཅས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རང་གི་ལས་རིགས་དང་རང་གི་ཁྱབ་ཁོངས་ནང་གི་ཁོངས་གཏོགས་ཁེ་ལས་དང་ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་སོགས་ལས་གཉེར་བྱེད་པོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དངོས་འབེབ་ཡག་པོ་བྱེད་པར་བླང་བྱ་ནན་མོ་འདོན་དགོས། རྫོང་ཡོངས་ཀྱི་མགྲོན་ཁང་བཟའ་བཏུང་ཞབས་ཞུའི་སྡེ་ཚན་དང་སྣུམ་སྣོན་ས་ཚིགས།དྲ་ཁང་སོགས་ལས་གཉེར་བྱེད་པོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ།རང་སྡེ་ཁག་གི་ཉེན་ཁ་ཆེ་འབྲིང་ས་ཁུལ(ལྷག་པར་དུ་ཧོ་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་གྲོང་ཁྱེར་དང་ཞིན་ཐའེ་གྲོང་ཁྱེར།)ནས་རྫོང་དུ་ཕྱིར་ལོག་པའི་མི་སྣར་གྲལ་བཤེར་བྱེད་པར་ཤུགས་སྣོན་དང་དོ་དམ་ཚོད་འཛིན་བྱེད་དགོས་པ་མ་ཟད།དུས་དང་པོར་ཁོངས་གཏོགས་ཞང་དང་གྲོང་རྡལ་ལམ་ཡང་ན་ལས་རིགས་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱེད་དགོས་པ་དང་།བླང་བྱ་ལྟར་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དངོས་འབེབ་བྱེད་དགོས།

ལྔ།རྫོང་ཡོངས་ཀྱི་བྱེད་སྒོ་ཆེ་གྲས(དཔེར་ན་ལོ་ཚོགས་དང་དགོན་པའི་ཆོས་ཚོགས།ལྷན་འཛོམས་མཆོད་འབུལ་སོགས)རྩ་བའི་སྟེང་ཚང་མ་སྒྲུབ་གཉེར་བྱ་མི་ཆོགདངོས་གནས་སྒྲུབ་གཉེར་བྱ་དགོས་ན། སུས་སྒྲིག་འཛུགས་བྱས་ན་དེས་འགན་འཁུར་བ་དང་། སུས་སྒྲུབ་གཉེར་བྱས་ན་དེས་འགན་འཁུར་བའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ།མི་གྲངས་ཚོད་འཛིན་ནན་མོ་བྱ་དགོས་པ་མ་ཟད།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་གཏན་འབེབས་བྱ་དགོས་ལ། ལས་རིགས་གཙོ་སྐྱོང་སྡེ་ཁག་ལ་ཞིབ་བཤེར་ཆོག་མཆན་འགོད་པར་ཕུལ་ནས་མོས་མཐུན་བྱུང་རྗེས་གཞི་ནས་སྒྲུབ་གཉེར་བྱ་ཆོག ཐུན་མོང་གི་གསོལ་སྟོན་དང་ལེན་བྱེད་པའི་བཟའ་བཏུང་གཉེར་སྐྱོང་ཆེ་གྲས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགན་འཁྲི་དངོས་འབེབ་ནན་མོ་བྱས་ཏེ། གསོལ་སྟོན་ནང་ཞུགས་མཁན་གྱི་ཆ་འཕྲིན་ལ་ཞིབ་དཔྱད་ཞིབ་ཚགས་བྱེད་པ་དང་།“ཚ་གྲང་འཇལ་བ་དང་ཨང་བཤེར།བདེ་འཇགས་བར་ཐག”བཅས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དངོས་འབེབ་ནན་མོ་བྱེད་དགོས་ལ།སྒྲོག་ཙེ་གསུམ(སྡེ་ཁུལ)ཡན་མཉམ་དུ་ཟ་མ་བཟའ་བའི་བྱེད་སྒོ་དང་དུ་ལེན་པར།ངེས་པར་དུ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་ཡར་ཞུ་ཐོ་འགོད་ཀྱི་འགྲོ་ལུགས་ལག་བསྟར་བྱེད་དགོས་ལ།རིམས་ནད་བདེ་འཇགས་ཉེན་ཁ་ཡོད་ཤས་ཆེ་བའི་གསོལ་སྟོན་བྱེད་སྒོ་ཚང་མ་སྒྲུབ་གཉེར་བྱ་མི་ཆོག

དྲུགརྫོང་ཡོངས་ཀྱི་སྦྲག་སྲིད་དང་མྱུར་སྐྱེལ།ཟོག་འགྲེམས་སོགས་ཁེ་ལས་ཚང་མས་རྒྱལ་ཁབ་དང་ཞིང་ཆེན།ཁུལ་བཅས་ཀྱིས་པར་འགྲེམས་བྱས་པའི་དུག་སེལ་ཕྱོགས་སྟོན་དང་བཀོལ་སྤྱོད་བརྒྱུད་རིམ་ལྟར།དངོས་ཟོག་གསོག་ཉར་བྱེད་ས་དང་ལས་གཉེར་བྱེད་ས།སྐྱེལ་འདྲེན་ཡོ་བྱད།ལས་སྒྲུབ་བྱེད་ས་བཅས་ལ་དུག་སེལ་དང་རླུང་རྒྱུ་ས་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ།   བསྐུར་རྫས་ཡོད་ཚད་ལ་དུག་སེལ་ནན་མོ་བྱེད་དགོས་པ་དང་།རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ལས་སྒོའི་མཛུབ་ཁྲིད་ཡག་པོ་བྱ་དགོས།སྐྱེལ་འདྲེན་བྱས་པའི་ས་ཁོངས་ཕྱིའི་དངོས་རྫས་དང་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་དངོས་རྫས་ལ་དངོས་ཟོག་ལེན་མཁན་གྱི་ཆ་འཕྲིན་ཐོ་འགོད་ཞིབ་མོ་བྱས་ཏེ།དངོས་ཟོག་ལེན་མཁན་གྱིས་རིམས་ནད་སྔོན་འགོག་དང་དུག་སེལ་དུག་གསོད་ལེགས་པོར་སྒྲུབ་པར་གསལ་འདེབས་བྱ་དགོས།

བདུན།རྫོང་ཡོངས་ཀྱི་ཚོང་ར་དང་མགྲོན་ཁང་།སྒོ་རྩིས་ཚོང་ཁང་།ཞིང་ལས་ཉོ་ཚོང་ཚོང་ར།དགོན་པ།དྲ་ཁང་སོགས་མི་མང་འདུ་སའི་ལས་གཉེར་མི་སྣའི་བདེ་ཐང་བརྟག་ཞིབ་དང་ཁ་ཐུམ་རྒྱག་པ།ཁོར་ཡུག་ནང་རླུང་རྒྱུ་རུ་འཇུག་པ་དང་དུག་སེལ་ལེགས་སྒྲུབ་བྱེད་དགོས།  ནང་དུ་འགྲོ་འོང་བྱེད་མཁན་ཚང་མར་ཚ་གྲང་འཇལ་བ་དང་བཤེར་ཨང་།ཁ་ཐུམ་རྒྱག་པ་སོགས་ཀྱི་བྱེད་ཐབས་དངོས་འབེབ་བྱས་ཏེ།རིམས་འགོག་གི་གཏན་འབེབས་དང་འགལ་བའི་མི་སྣ་ནང་དུ་ཡོང་བ་གཏན་འགོག་བྱ་དགོས།

བརྒྱད། ཞང་དང་གྲོང་རྡལ་སོ་སོ་དང་།སྡེ་ཁུལ་སོ་སོས་མངའ་ཁོངས་ཕྱི་རོལ་གྱི་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་འཚམས་འདྲིར་ཕེབས་མཁན་དང་ལོ་གསར་ལ་ཕ་ཡུལ་དུ་ལོག་མཁན།གུང་གསེང་་བཏང་བའི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་སོགས་ཀྱི་གྲལ་བཤེར་དང་ཐོ་འགོད།བདེ་ཐང་བརྟག་ཞིབ་སོགས་ཀྱི་མཐིལ་རྟོགས་པར་སྔར་ལས་ཤུགས་བསྣན་ཏེ།རྫོང་དུ་ཡོང་བའི་དངོས་རྫས་དང་ལྷག་པར་དུ་འཁྱགས་ཕྲེང་ཟས་རིགས། མྱུར་སྐྱེལ་སོགས་ཚང་མར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལྟར་ཁྱོན་ཡོངས་ནས་དུག་གསོད་ཐག་གཅོད་བྱ་དགོས།

   དགུ། ཞང་དང་གྲོང་རྡལ(སྡེ་ཁུལ)སོ་སོ་དང་།སྡེ་ཁག་དང་ཁེ་ལས་དོན་ལས་ལས་ཁུངས་སོ་སོས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་མུ་མཐུད་དུ་སྤེལ་བར་རྒྱུན་བསྲིངས་དང་།རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དྲིལ་བསྒྲགས་དང་ཁྲིད་སྟོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ།མང་ཚོགས་ཀྱིས་རང་ཉིད་འགོག་སྲུང་བྱེད་པའི་འདུ་ཤེས་ཀྱི་གོ་རྟོགས་ལ་འབོད་སྐུལ་དང་།མང་ཚོགས་ལ་ཁྲིད་སྟོན་བྱས་ནས་སྒོ་ཕྱིར་འགྲོ་བར་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ།འདུ་ཚོགས་ཉུང་ཙམ་བྱེད་པ་སོགས་ཚན་རིག་དང་མཐུན་པའི་འཚོ་བའི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱས་ནས།རང་ཉིད་ཀྱི་སྔོན་འགོག་ཚོད་འཛིན་དང་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས།འཁྱགས་ཕྲེང་ཟས་རིགས་ལས་གཉེར་མཁན་དང་སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་མི་སྣ།(མྱུར་སྐྱེལ་དང་ཟོག་འགྲེམས།) སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་མི་སྣ་སོགས་གནད་སའི་མི་ཚོགས་ཀྱི་དུས་བཅད་ཉིང་སྐྱུར་བཤེར་འཇལ་དང་མི་སྒེར་གྱི་འགོག་སྲུང་།  བདེ་ཐང་བརྟག་ཞིབ་བྱེད་ཐབས་སོགས་དངོས་འབེབ་ཞིབ་མོ་བྱེད་དགོས།

བཅུ།རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་བརྒྱབ་སྟེ། རྒྱུན་པར་ལག་པ་བཀྲུ་བ་དང་རླུང་རྒྱུ་བ།བདེ་འཇགས་བར་ཐག་འཇོག་པ།སྤྱི་སྤྱོད་ཐུར་མ་སྤྱོད་པ་སོགས་གོམས་གཤིས་བཟང་པོ་གསོ་སྐྱོང་བྱས་ཏེ། དགོས་ངེས་མེད་ན་གང་ཐུབ་ཀྱིས་འདུ་ཚོགས་རང་བཞིན་གྱི་བྱེད་སྒོར་མི་ཞུགས་པ་དང་།རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་དེའི་ཁྱིམ་མི་མཚོ་སྔོན་དུ་ལོ་སར་དུས་ཆེན་རོལ་བ།  དགོས་ངེས་མེད་ན་ཞིང་ཆེན་ཕྱི་རོལ་དང་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་མི་འགྲོ་བར་སྐུལ་སློང་དགོས། གློག་རྡུལ་ཚོང་དོན་དང་སྐད་འཕྲིན་ཚོང་དོན་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཉོས་པའི་ཚོང་ཟོག་དང་།མྱུར་སྐྱེལ་གཏོང་ལེན་གྱི་སྔ་ཕྱིར་མི་སྒེར་གྱི་སྔོན་འགོག་ལེགས་སྒྲུབ་བྱེད་དགོས་པ་དང་། སྦྲག་རྫས་ཀྱི་ཕྱི་ཐུམ་གང་ཐུབ་ཀྱིས་འདུག་ཁང་ནང་དུ་མ་འཁྱེར་རོགས།  རྟག་ཏུ་མི་རང་ཉིད་དང་ཁྱིམ་མིའི་ལུས་ཕུང་བདེ་ཐང་ལ་དོ་སྣང་བྱས་ཏེ།   དཔེར་ན་ཚ་རྒྱག་པ་དང་སྐམ་ལུ།དབུགས་ལམ་མི་བདེ་བའི་ནད་རྟགས་ཡོད་སྐབས།དུས་དང་པོར་ཉེ་འགྲམ་གྱི་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་ཁང་དུ་སོང་ནས་སྨན་པར་བསྟེན་པ་དང་།བརྒྱུད་རིམ་ཧྲིལ་པོར་རང་ཉིད་ཀྱི་འགོག་སྲུང་ལེགས་སྒྲུབ་བྱ་དགོས།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ཏེ།ཉེ་ལམ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་དུས་ངེས་མེད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས།རྒྱ་ཆེའི་སྡོད་དམངས་ཚོས་ཚུལ་མཐུན་གྱི་སེམས་ཁམས་ལྷོད་པོ་རྒྱུན་བསྲིངས་དང་།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་དངོས་འབེབ་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་ཏེ།རང་འགུལ་གྱིས་རང་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་ལམ་སྲུང་སྐྱོང་དང་།ཐུན་མོང་གིས་རང་རྫོང་གི་རིམས་ནད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་སྲུང་ལ་འབད་བརྩོན་བྱས་ནས། ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

རྨ་ལྷོ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས།       

                    0973-8763166   

                    0973-8765288

            རྨ་ལྷོ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་ལས་ཁང་།

                               2021ལོའི་ཟླ1ཚེས13ཉིན། 

文/县疫情防控指挥中心