当前位置: 首页 / 要闻 / 政务动态 / 内容列表
致全县广大干部群众的一封信
2022-11-25 10:29 来源: 河南蒙古族自治县人民政府

时光无声、岁月有痕。当冬天如期而至,我们或许会一同发出这样的感慨,疫情何时结束?车辆何日通行?回望这三年多来的抗疫之路,在这河南大地的每一帧画面、每一次同行、每一句安好……都是全县广大干部群众识大体顾大局,主动参与、积极配合、用心守护的见证,共同谱写了一曲全民参与、守望相助、共克时艰的战“疫”之歌,守住了青海“南大门”,守牢了“一片净土”。

没有天降的英雄,只有逆行而上的平凡人!当前,省内疫情扩散蔓延链条还未完全阻断,周边兄弟市县疫情多点散发,外防输入依旧是我们的中心工作,需要我们每个人在县委、县政府的坚强领导下,多一些包容、多一些理解、多一些配合,以“处处充满风险”的危机感、“时时放心不下”的责任感、“事事准备周全”的使命感,凝聚起战胜疫情的磅礴力量。
做好防护,科学防疫。每个人都是自己健康的“第一责任人”,要养成良好的卫生习惯,公共场所坚持科学规范佩戴口罩,保持勤洗手、勤消毒、常通风、公筷制、清洁消毒等良好卫生习惯。在进入各类公共场所时主动出示核酸检测卡,配合测温扫码。广大干部群众就近在县内商超店铺采购物资,尽量减少或避免与县域外人员、物资、牲畜和车辆不必要的接触。暂停广场、公园等公共场所聚集性活动。减少非必要的外出,尽量做到出行“两点一线”,不聚集、不聚会、少走访、不赴宴,非必要不前往人员密集场所。
主动报备,配合管控。抗疫没有“旁观席”,更无局外人。紧要关头,我们要严格遵守当前疫情防控要求,坚决服从疫情防控各项规定,如有高风险旅居史、风险人员接触史等相关情况,请主动向您所在的村(社)、单位报备,不瞒报、不漏报,配合工作人员做好居家隔离及其他相关防控措施。积极主动劝导身边符合疫苗接种条件的老年人、未成年人,打消顾虑,应接尽接。如您和家人出现发热、干咳、乏力等新冠肺炎相关症状,请第一时间向村(社)、单位报备,做到早发现、早报告、早隔离和早治疗,以每个人、每个家庭的“小平安”,换来河南的“大平安”。
志愿奉献,群防群控。在做好个人及家庭防护的同时,感谢并衷心地希望您能积极地参与到疫情防控志愿者队伍中,做好核酸检测点及社区日常秩序维护、扫码测温、防疫政策宣传、普及防疫知识、交通疏导等志愿服务活动,带头弘扬新风正气,彰显新时代文明实践力量,带头践行社会主义核心价值观。请您文明上网,抵制谣言,不造谣、不信谣、不传谣,不在网络、朋友圈、微信群等随意发布未经证实的虚假信息,主动参与辟谣,举报不实信息。
竭诚服务,迅速回应。县委、县政府始终把解决广大牧民群众和企业关心关注的热点难点问题作为重中之重,广大群众遇到任何困难和问题,请及时拨打服务热线,我们将第一时间受理交办,全力保障广大群众诉求及时答复、解决。如遇到生活、就医等困难及疫情防控有关诉求事项,可拨打县疫情防控指挥部电话,我们将坚决做好疫情防控“总客服”,切实筑牢县委县政府和广大市民之间的“连心桥”。
我们坚信:所有在沉寂中积蓄的能量,必将会迎来最绚烂的绽放。让我们团结一心、众志成城、共克时艰!在疫情防控的关键时期,希望全县广大人民群众从自身做起、从现在做起,自觉遵守疫情防控相关规定,主动配合防疫、支持防疫、参与防疫,用实际行动为全县疫情防控作出应有的贡献,共同守护我们的美好家园!

中共河南县委 河南县人民政府

2022年11月24日       

རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམ་པ།

 དུས་ཚོད་ལ་སྐད་སྒྲ་མེད་ཀྱང་། ལོ་ཟླ་ལ་རྗེས་ཤུལ་ཡོད། དགུན་ཟླ་དུས་ལྟར་སླེབས་པར། ང་ཚོར་མཉམ་དུ་ཚོར་སྣང་འདི་འདྲ་ཞིག་འབྱུང་སྲིད་དེ། རིམས་ནད་ནམ་ཞིག་ལ་མཇུག་བསྒྲིལ་རྒྱུ་ཡིན་ནམ། རླངས་འཁོར་ག་དུས་གཏོང་ཆོག་གམ། ལོ་ངོ་གསུམ་ལྷག་གི་རིམས་འགོག་ལམ་བུར་ཕྱི་མིག་རེ་བལྟས་ཚེ། རྨ་ལྷོའི་ས་ཆེན་གྱི་སྣང་བརྙན་རེ་རེ་དང་། མཉམ་བསྐྱོད་རེ་རེ། འཚམས་འདྲིའི་སྐད་ཆ་རེ་རེ་ནི། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཀྱིས་ཆེ་ས་ཤེས་ཚོར་དང་ཁྱོན་ཡོངས་རུང་བསྟུན། རང་རྟོགས་ཀྱིས་སྒྲིག་ལམ་བརྩི་སྲུང་དང་བློ་གཅིག་སེམས་གཅིག་གིས་སྲུང་སྐྱོང་བྱས་པའི་དཔང་རྟགས་ཡིན་པས། ཐུན་མོང་གིས་དམངས་ཡོངས་ནང་ཞུགས་དང་ཕན་ཚུན་རོགས་རེས། དུས་ངལ་མཉམ་སེལ་གྱི“རིམས་ནད”འགོག་རྒོལ་གྱི་གླུ་གཞས་བརྩམས་ཏེ། མཚོ་སྔོན་གྱི“ལྷོ་སྒོ་ཆེན་མོ”འགོག་སྲུང་དང“དག་པའི་ཞིང་ཁམས”བརྟན་སྲུང་བྱས།
 དཀའ་སྡུག་ལ་གདོང་ལེན་ཕོད་པའི་མི་ཕལ་པ་མ་གཏོགས། གནམ་ནས་བབས་པའི་དཔའ་བོ་ཞིག་གང་ནའང་མེད། མིག་སྔར་ཞིང་ཆེན་ནང་ཁུལ་དུ་རིམས་ནད་གང་སར་མཆེད་པའི་འབྲེལ་ཐག་ད་དུང་རྩ་བ་ནས་གཅོད་ཐུབ་མེད་ལ། མཐའ་སྐོར་གྱི་སྤུན་ཟླ་གྲོང་ཁྱེར་དང་རྫོང་དུ་རིམས་ནད་གང་སར་མཆེད་བཞིན་ཡོད་པས། ཕྱི་འགོག་ནང་མཆེད་ནི་སྔར་བཞིན་ང་ཚོའི་བྱ་བའི་གཙོ་གནད་ཡིན་ཞིང་། ང་ཚོ་མི་རེ་རེས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག་ཁོང་ཡངས་དང་བསམ་ཤེས། གཞོགས་འདེགས་བཅས་མང་ཙམ་བྱས་ཏེ། “ག་ས་གང་དུ་ཉེན་ཁའི་ཁེངས་པའི”ཉེན་ཚོར་དང་། “རྟག་ཏུ་སེམས་ལྷོད་ལ་འབབ་མི་ཐུབ་པའི”འགན་འཁྲིའི་འདུ་ཤེས། “བྱ་བ་ཚང་མར་གྲ་སྒྲིག་ཡག་པོ་བྱེད་པའི”འགན་སྒྲུབ་ཀྱི་བསམ་པ་འཆང་ནས། རིམས་ནད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས།
འགོག་སྲུང་ལེགས་སྒྲུབ་དང་། རིམས་འགོག་ལུགས་མཐུན་བྱ་དགོས། མི་རེ་རེ་ནི་རང་ཉིད་ཀྱི་བདེ་ཐང་གི“འགན་འཁུར་བ་ཨང་དང་པོ་”ཡིན་པས། འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་གསོ་སྐྱོང་དང་། ཁང་པའི་ཕྱི་ནང་གི་མི་མང་འདུ་སར་ལུགས་མཐུན་ཚད་ལྡན་གྱི་ཁ་ཐུམ་རྒྱག་པ་རྒྱུན་འཁྱོངས་བྱས་ཏེ། ལག་པ་བཀྲུ་བ་དང་དུག་སེལ་ལ་བརྩོན་པ། དུས་རྒྱན་དུ་རླུང་རྒྱུ་བར་བྱེད་པ། སྤྱི་སྤྱོད་ཐུར་མའི་ལམ་ལུགས་དང་དུག་སེལ་གཙང་དག་སོགས་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་བསྲིང་བྱ་དགོས། སྤྱི་པའི་འདུ་གནས་སོ་སོར་འགྲོ་སྐབས་རང་འགུལ་གྱིས་ཉིང་སྐྱུར་བརྟག་འཇལ་བྱང་བུ་སྟོན་པ་དང་། ཚ་གྲང་དང་བཤེར་ཨང་འཇལ་བཤེར་ལ་གཞོགས་འདེགས་བྱ་དགོས། རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཀྱིས་རྫོང་གི་ཉེ་སའི་ཚོང་ཁང་ནས་དངོས་ཟོག་ཉོ་སྐབས། རྫོང་ཁོངས་གཞན་གྱི་མི་སྣ་དང་དངོས་ཟོག ཕྱུགས་ཟོག་དང་རླངས་འཁོར་ལ་འབྲེལ་འདྲིས་ལས་གཡོལ་ཐབས་བྱེད་དགོས། མི་མང་འདུ་སར་གནས་སྐབས་སུ་འདུ་འཛོམས་ཀྱི་བྱེད་སྒོ་མཚམས་འཇོག་དགོས། དགོས་ངེས་མེད་པར་ཕྱི་རུ་བསྐྱོད་པ་ཇེ་ཉུང་དུ་གཏོང་བ་དང་། འགྲོ་སྐྱོད་བྱེད་སྐབས“གནས་གཉིས་ཐིག་གཅིག”གང་ནུས་ཀྱིས་བསྒྲུབ་ཐུབ་པ་བྱས་ནས། མཉམ་འཛོམས་དང་འདུ་ཚོགས་མི་བྱེད་པ་དང་། བཅར་སྐྱོད་ཇེ་ཉུང་དང་གསོལ་སྟོན་མི་བཤམ་པར། དགོས་ངེས་མེད་ན་མི་མང་འདུ་གནས་སུ་མི་འགྲོ་བ་བྱེད་དགོས། 
རང་འགུལ་གྱིས་ཐོ་འགོད་དང་། འགོག་སྡོམ་ལ་གཞོགས་འདེགས་བྱ་དགོས། རིམས་འགོག་ལ“ཟུར་ནས་བལྟ་ས”མེད་ལ། འབྲེལ་བ་མེད་མཁན་དེ་བས་མེད།  འགག་རྩའི་དུས་སུ་ང་ཚོས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ནན་མོ་བྱས་ཏེ། མཐའ་གཅིག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་བྱ་དགོས་ཏེ། དཔེར་ན། ཉེན་ཁ་ཆེ་བའི་ས་ཁུལ་དུ་གནས་སྡོད་ལོ་རྒྱུས་དང་ཉེན་ཁ་ཡོད་པའི་མི་སྣར་འབྲེལ་འདྲིས་ལོ་རྒྱུས་ཡོད་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཡོད་ཚེ། རང་འགུལ་གྱིས་རང་ཉིད་སྡོད་སའི་སྡེ་བ(སྡེ་ཁུལ)དང་ལས་ཁུངས་སུ་ཐོ་འགོད་བྱེད་པ་ལས།  སྦ་གསང་དང་ཆད་ལྷག་གིས་ཐོ་འགོད་བྱ་མི་ཆོག་ཅིང་། ལས་དོན་མི་སྣར་གཞོགས་འདེགས་བྱས་ཏེ་ཁྱིམ་སྡོད་ལོགས་བཀར་དང་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་གཞན་དག་ལེགས་པོ་བསྒྲུབ་དགོས། རང་འགུལ་གྱིས་ཉེ་འགྲམ་གྱི་རིམས་འགོག་འགོག་ཁབ་རྒྱག་པའི་ཆ་རྐྱེན་དང་འཚམ་པའི་རྒན་རྒོན་དང་། ལོ་ཆུང་ལ་ཧུར་ཐག་གིས་ཁ་ལ་སློབ་སྟོན་བྱས་ཏེ། སེམས་ཁྲལ་སེལ་ནས་འགོག་ཁབ་རྒྱག་དགོས་པ་གང་ནུས་ཀྱིས་བརྒྱག་ཏུ་འཇུག་དགོས། གལ་ཏེ་ཁྱེད་དང་ཁྱིམ་མིར་ཚ་རྒྱས་པ་དང་གློ་ལུ་བྱེད་པ།  ལུས་ཤུགས་ཉམས་པ་སོགས་ཏོག་གསར་གློ་ཚད་ཀྱི་འབྲེལ་ཡོད་ནད་རྟགས་བྱུང་ན།  ཐོག་མར་སྡེ་བ(སྡེ་ཁུལ)དང་ལས་ཁུངས་སུ་ཐོ་འགོད་ཡར་ཞུ་བྱས་ཏེ།  སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་ཡར་ཞུ། སྔ་མོ་ནས་ལོགས་བཀར། སྔ་མོ་ནས་སྨན་བཅོས་བྱེད་པ་དང་། མི་རེ་རེ་དང་ཁྱིམ་ཚང་རེ་རེའི“བདེ་འཇགས་ཆུང་བ”ལ་བརྟེན་ནས། རྨ་ལྷོ་རྫོང་གི“བདེ་འཇགས་ཆེན་པོ”བསྐྲུན་དགོས།
དང་བླངས་སྐྱེས་འབུལ་དང་། མང་ཚོགས་ཀྱིས་འགོག་སྡོམ་བྱ་དགོས། མི་སྒེར་དང་ཁྱིམ་ཚང་གི་འགོག་སྲུང་ལེགས་པོར་བསྒྲུབ་པའི་དུས་མཚུངས་སུ། ཁྱེད་རང་རིམས་ནད་འགོག་སྡོམ་གྱི་དང་བླངས་པའི་དཔུང་སྡེའི་ནང་ཞུགས་པར་སེམས་གཏིང་ནས་རེ་བ་དང་བཀའ་དྲིན་ཞུ་བ་ཡིན་ལ། ཉིང་སྐྱུར་བརྟག་འཇལ་བྱེད་ས་དང་སྡེ་ཁུལ་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་། བཤེར་ཨང་དང་ཚ་གྲང་ཚད་འཇལ། རིམས་འགོག་སྲིད་ཇུས་དྲིལ་སྒྲོག རིམས་འགོག་ཤེས་བྱ་ཁྱབ་གདལ། འགྲིམ་འགྲུལ་ཁྲིད་སྟོན་སོགས་ཀྱི་དང་བླངས་ཞབས་ཕྱིའི་བྱེད་སྒོ་ལེགས་སྒྲུབ་བྱས་ཏེ། སྲོལ་བཟང་དར་སྤེལ་ལ་སྣེ་འཁྲིད་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་སྟོབས་ཤུགས་མངོན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ལག་ལེན་བྱེད་པར་སྣེ་འཁྲིད་དགོས། ལུགས་མཐུན་གྱིས་དྲ་བར་འཇུག་པ་དང་དཀྲོག་གཏམ་གཏན་འགོག་དང་།    དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་མི་རྟོན་པ། དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པ་དང་།    དྲ་རྒྱ་དང་གྲོགས་ཚོམས། སྐད་འཕྲིན་ཚོགས་པ་སོགས་སུ་བདེན་དཔང་མེད་པའི་ཆ་འཕྲིན་རྫུན་མ་རང་དགར་ཡོངས་བསྒྲགས་མི་བྱེད་པར། རང་འགུལ་གྱིས་རྫུན་གཏམ་ཐེར་འདོན་དང་། ཆ་འཕྲིན་རྫུན་མར་ཐེར་འདོན་གོང་གཏུག་བྱ་དགོས།    
གཞུང་དྲང་ཞབས་ཕྱི་དང་། ཡ་ལན་མྱུར་མོར་སྤྲོད་དགོས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱ་ཆེའི་འབྲོག་པ་མང་ཚོགས་དང་ཁེ་ལས་ཀྱིས་ཐུགས་ཁུར་དང་དོ་སྣང་བྱེད་པའི་དཀའ་གནད་དང་ཚ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་པ་ཐོག་མཐའ་བར་གསུམ་དུ་བྱ་བའི་གཙོ་གནད་དུ་བརྩིས་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་དཀའ་ངལ་དང་གནད་དོན་གང་ཞིག་ལ་འཕྲད་ཚེ། དུས་ཐོག་ཏུ་ཚ་སྐུད་ཁ་པར་ཐོངས་དང་། ང་ཚོས་འཕྲལ་མར་བདག་སྤྲོད་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་རེ་ཞུ་ལ་དུས་ཐོག་ཏུ་ཡ་ལན་སྤྲོད་པ་དང་ཐག་གཅོད་པར་གང་ནུས་ཀྱིས་འགན་ལེན་བྱ་ངེས་ཡིན། གལ་ཏེ་འཚོ་བ་དང་སྨན་པ་བསྟེན་པ་སོགས་ཀྱི་དཀའ་ངལ་དང་། རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་རེ་ཞུའི་དོན་དག་དང་འཕྲད་ཚེ། རྫོང་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་ཁ་པར་ལ་འབྲེལ་གཏུག་བྱ་ཆོག་ཅིང་། ང་ཚོས་མཐའ་གཅིག་ཏུ་རིམས་ནད་འགོག་སྡོམ་སྐབས་ཀྱི“སྤྱིའི་ཞབས་ཕྱི”ལེགས་སྒྲུབ་བྱས་ཏེ། རྫོང་ཨུ་དང་རྫོང་སྲིད་གཞུང་། རྒྱ་ཆེའི་གྲོང་དམངས་བར་གྱི“སེམས་སྦྲེལ་གསེར་ཟམ”བརྟན་པོར་གཏོང་ངེས་ཡིན།    
ལྷིང་འཇགས་ཁྲོད་བསགས་པའི་ནུས་ཚད་ཡོད་རྒུས་ངེས་པར་དུ་ཆེས་མཚར་སྡུག་ལྡན་པའི་གྲུབ་འབྲས་བསུ་འོངས་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་པས། ང་ཚོས་མི་བརྒྱ་སེམས་གཅིག་དང་དམངས་སེམས་ཆིག་སྒྲིལ། དུས་ངལ་མཉམ་སེལ་བྱེད་དགོས། རིམས་ནད་འགོག་སྡོམ་གྱི་འགག་རྩའི་དུས་སྐབས་འདིར། རྫོང་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རང་ཉིད་ནས་མགོ་རྩོམ་པ་དང་ད་ལྟ་ནས་མགོ་བརྩམས་ཏེ། རང་རྟོགས་ཀྱིས་རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་དང་། རང་འགུལ་གྱིས་རིམས་འགོག་ལ་གཞོགས་འདེགས་དང་རིམས་འགོག་ལ་རྒྱབ་སྐྱོར། རིམས་འགོག་ནང་ཞུགས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྫོང་ཡོངས་ཀྱི་རིམས་ནད་འགོག་སྡོམ་ལ་རང་ནུས་ཀྱི་ལེགས་སྐྱེས་འབུལ་དགོས་པ་དང་། ཐུན་མོང་གིས་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བརྟན་སྲུང་བྱ་དགོས།

ཀྲུང་གུང་རྨ་ལྷོ་རྫོང་ཨུ།    

རྨ་ལྷོ་རྫོང་མི་དམངས་སྲིད་གཞུང་ནས།

 2022ལོའི་ཟླ11པའི་ཚེས24ཉིན།

文/县委办公室 县政府办公室 县委宣传部