当前位置: 首页 / 要闻 / 政务动态 / 内容列表
致全省学生家长的一封信
2020-03-03 09:25 来源: 河南县委宣传部

致全省学生家长的一封信


广大家长朋友们:

  大家好!新冠肺炎疫情发生以来,习近平总书记深切关怀广大人民群众的生命安全和身体健康,要求我们一定要打赢疫情防控的人民战争、总体战和阻击战,不取得最后胜利绝不轻言成功。党中央、国务院科学防治、精准施策,全省上下沉着应对、全力处置,防控工作取得阶段性成效,经济社会秩序正在加快恢复。当前,如何科学组织全省各级各类学校有序开学、安全上课,既是大家非常关心关注的问题,更是省委省政府工作的重中之重。

  孩子的健康成长和全面发展是全社会的头等大事,学校开学开课也是正常社会秩序全面恢复的重要标志。经过综合研判和慎重研究,全省中学将从3月9日开始陆续分区分级分层、错峰错时错段有序开学。全省各级党委政府、学校和老师将会与各位家长共同守护孩子们的健康,把校园疫情防控作为春季开学基本前提,进一步落实责任,将防护物资物品、医疗卫生力量、交通执法保障切实向学校倾斜,全力支持学校在疫情可控的前提下恢复正常教育教学秩序,尽全力确保师生健康安全,坚决守住校园公共卫生环境安全底线。

  孩子是祖国的希望、民族的未来、家庭的寄托,每个家庭都是一所学校,每位家长都是孩子最好的老师。希望各位家长与当地党委政府、社区、学校、老师协同携手,履行好保护孩子健康成长的重大责任。请各位家长务必在做好自身防护的同时,配合学校做好教育教学及疫情防控工作,提升孩子们自我防护意识,养成良好的卫生习惯。

  各位家长朋友们,让我们同舟共济,一起努力,共同营造健康安全有序的学习环境,让孩子们完成好学业,德智体美劳全面发展,健康快乐茁壮成长!

            中共青海省委书记 王建军

            青海省人民政府省长 刘 宁

            2020年3月1日

ཞིང་ཆེན་ཡོངས་ཀྱི་སློབ་མའི་ཁྱིམ་བདག་ལ་བསྐུར་བའི་འཕྲིན་ཡིག་ཅིག


རྒྱ་ཆེ་བའི་ཁྱིམ་བདག་གྲོགས་པོ་རྣམ་པ།


སྐུ་ཁམས་བཟང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཐུགས་ཁུར་ཟབ་མོ་གནང་སྟེ། ང་ཚོར་ངེས་པར་དུ་རིམས་ནད་སྔོན་འགོག་གི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལས་རྣམ་པར་རྒྱལ་དགོས་ལ། མཇུག་མཐའི་རྒྱལ་ཁ་མ་བླངས་ན་རང་དགར་ལེགས་འགྲུབ་བྱུང་སོང་མི་ཟེར་རྒྱུའི་བླང་བྱ་བཏོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་ལྟར་འགོག་བཅོས་དང་གནད་འཁེལ་ཇུས་བསྟར་བྱས་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བརྟན་བརླིང་གིས་གདོང་གཏད་ཅིང་སྟོབས་ཤུགས་ཡོད་རྒུས་ཐག་བཅད་པས། སྔོན་འགོག་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་མྱུར་དུ་སླར་གསོ་འབྱུང་བཞིན་ཡོད། དེང་སྐབས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་ཇི་ལྟར་གོ་རིམ་ལྡན་པར་ཚོགས་འགོ་བརྩམ་པ་དང་བདེ་འཇགས་ངང་སློབ་ཁྲིད་བྱེད་དུ་འཇུག་པ་ནི། ཚང་མས་ཧ་ཅང་སེམས་ཁུར་དང་དོ་སྣང་བྱེད་པའི་གནད་དོན་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་དེ་བས་ཀྱང་ཡིན།

 བྱིས་པ་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་གོང་འཕེལ་འབྱུང་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་དོན་དག་ཆེས་གལ་ཆེན་ཞིག་ཡིན་ལ། སློབ་གྲྭ་ཚོགས་མགོ་བརྩམ་ནས་སློབ་ཁྲིད་བྱེད་པ་ཡང་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པའི་མཚོན་རྟགས་གལ་ཆེན་ཡིན། ཕྱོགས་བསྡུས་ཀྱིས་བརྡར་གཅོད་དང་གཟབ་ནན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། ཟླ3པའི་ཚེས9ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སློབ་འབྲིང་རིམ་བཞིན་ས་ཁུལ་དང་རིམ་པ། གོང་འོག་བཅས་དགར་ཞིང་། སྔ་རྗེས་དང་དུས་ཚོད། དུས་མཚམས་བཅས་བསྣོལ་ནས་གོ་རིམ་ལྡན་པར་ཚོགས་མགོ་བརྩམ་རྒྱུ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སློབ་གྲྭ་དང་དགེ་རྒན་བཅས་ཀྱིས་ཁྱིམ་བདག་རྣམས་དང་མཉམ་དུ་བྱིས་པ་ཚོའི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་དེ་དཔྱིད་དུས་ཀྱི་སློབ་སྐབས་མགོ་བརྩམ་པའི་གཞི་རྩའི་སྔོན་འགྲོ་རུ་བརྩིས་ནས། འགན་འཁྲི་སྔར་ལས་དོན་འཁྱོལ་གྱིས་འགོག་སྲུང་དངོས་ཟོག་དངོས་རྫས་དང་སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས། འགྲིམ་འགྲུལ་ཁྲིམས་འཛིན་འགན་སྲུང་བཅས་དངོས་གནས་སློབ་གྲྭར་གཞོལ་བར་བྱས་ཏེ། སློབ་གྲྭས་རིམས་ནད་ལ་ཚོད་འཛིན་བྱེད་ཐུབ་པའི་སྔོན་འགྲོའི་འོག་རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་སླར་གསོ་བྱེད་པར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། དགེ་སློབ་ཀྱི་བདེ་ཐང་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱས་ནས། སློབ་རའི་སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་གི་བདེ་ཐང་ཚད་མཐའ་དམ་སྲུང་བྱ་རྒྱུ། 

  བྱིས་པ་ནི་མེས་རྒྱལ་གྱི་རེ་བ་དང་མི་རིགས་ཀྱི་འབྱུང་འགྱུར། ཁྱིམ་ཚང་གི་མངགས་བཅོལ་བཅས་ཡིན་ལ། ཁྱིམ་ཚང་རེ་རེ་ནི་སློབ་གྲྭ་རེ་རེ་ཡིན་པ་དང་། ཁྱིམ་བདག་རེ་རེ་ནི་བྱིས་པ་དག་གི་ཆེས་བཟང་བའི་དགེ་རྒན་ཡིན་པས། ཁྱིམ་བདག་རྣམ་པས་རང་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་། གཞིས་ཁུལ། སློབ་གྲྭ། དགེ་རྒན་བཅས་དང་ལག་བརྡང་མཉམ་དུ་སྦྲེལ་ནས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པའི་རེ་བ་ཡོད། ཁྱིམ་བདག་རྣམ་པས་ངེས་པར་དུ་རང་ཉིད་འགོག་སྲུང་བཟང་བོར་བྱེད་པའི་དུས་མཚུངས་སུ་སློབ་གྲྭས་སློབ་གསོ་སློབ་ཁྲིད་དང་རིམས་ནད་སྔོན་འགོག་གི་བྱ་བ་བསྒྲུབ་པར་གཞོགས་འདེགས་བྱས་ཏེ། བྱིས་པ་ཚོའི་རང་ཉིད་འགོག་སྲུང་གི་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་། འཕྲོད་བསྟེན་གྱི་གོམས་གཤིས་བཟང་བོ་ཆགས་སུ་འཇུག་དགོས།

 ཁྱིམ་བདག་གྲོགས་པོ་རྣམ་པ། ང་ཚོས་ཕྱར་བ་གྲུ་འདེགས་ཀྱིས་མཉམ་དུ་བརྩོན་པ་བསྐྱེད་དེ་བདེ་ཐང་བདེ་འཇགས་དང་གོ་རིམ་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་མཉམ་དུ་བསྐྲུན་ནས། བྱིས་པ་རྣམས་ཀྱི་སྦྱངས་འབྲས་ལེགས་ཐོན་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བ། བདེ་ཐང་སྤྲོ་སྐྱིད་དང་སྐྱེ་སྟོབས་འབར་བའི་ངང་འཚར་ལོངས་འབྱུང་དུ་འཇུག་དགོས།

 

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  ཝང་ཅན་ཅུན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་།  ལིའུཉིང་།

2020ལོའི་ཟླ3པའི་ཚེས1ཉིན་ལ།  


来源/西海都市报  海北新媒