当前位置: 首页 / 政务专题 / 疫情动态 / 内容列表
河南县新冠肺炎疫情防控处置工作指挥部通告
2020-11-30 10:10 来源: 河南县委宣传部

近期,国内多地相继报告出现确诊病例和进口冷链食品包装新冠病毒核酸检测阳性。为加强冷链食品新冠肺炎疫情防控,防止疫情扩散,切实保障人民群众生命安全和身体健康,现将有关事项通告如下:
      一、自即日起,凡是从河南县域外购进进口冷链食品的单位(含经营销售、餐饮、生产加工、贮存运输企业和个体工商户,下同),一律要向供货方索证索票和查验进货记录,对无《消毒证明》《检疫合格证明》《新冠病毒核酸检测合格证明》、来源不明的进口冷链食品,一律不得采购、销售。经营主体必须在购进食品到达市域前24小时内,向市场监管部门报备。
      二、从县域外购进进口冷链食品以及从事进口冷链食品运输、贮存、加工分装、经营销售、餐饮的单位,必须严格食品入库(柜)管理,建立进出货台账和从业人员实名制管理台账,主动接受市场监管、卫生健康等部门的监督指导,做好存放转运区域、运输工具、货物包装及其他用品用具的清洁消毒,落实从业人员防控措施,主动配合开展食品、环境、人员核酸检测。实行经营销售环节专柜销售和实名登记购买,不得与其它食品混存混卖,确保全程可溯。核酸检测和消毒费用由经营主体承担。
       三、广大牧民尽可能不要网购冷链食品,不购买来源不明的冷链食品。认真做好冷链食品外包装消毒处理,佩戴一次性手套和口罩处理、烹饪食材,做好餐具、台面清洁,避免接触肌肤。食用后一旦出现发热等症状,要及时到发热门诊就诊,并主动告知食材来源、品种及食用时间等信息。
       四、卫生健康、市场监管等部门要加强冷链食品、从业人员和环境监测工作,加大核酸检测频次,开展多种形式的冷链食品生产经营新冠病毒防控技术、消毒技术指南的宣传教育、学习培训,引导经营主体、从业人员和市民群众增强自我防护意识。


            河南县新冠肺炎疫情防控处置工作指挥部

                  2020年11月17日   


རྨ་ལྷོ་རྫོང་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག    བརྡ་ཁྱབ།

ཉེ་ཆར།རྒྱལ་ནང་གི་ས་ཆ་མང་པོ་ཞིག་གིས་བརྟག་དཔྱད་གཏན་འཁེལ་བྱས་པའི་ནད་དཔེ་དང་ནང་འདྲེན་གྲང་ཕྲེང་བཟའ་བཅའི་ཐུམ་སྒྲིལ་གྱི་ཏོག་གསར་ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གདགས་གཤིས་བསྟུད་མར་སྙན་སེང་ཞུས། གྲང་ཕྲེང་ཟས་རིགས་ཀྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང།རིམས་ནད་མཆེད་པར་སྔོན་འགོགམི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བར་འགན་སྲུང་ནན་མོ་བྱེད་པར། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ་ལྟར།

གཅིགདེ་རིང་ནས་བཟུང་།རྨ་ལྷོ་རྫོང་ཁོངས་ཕྱི་ནས་གྲང་ཕྲེང་ཟས་རིགས་ནང་འདྲེན་བྱེད་པའི་སྡེ་ཚན(ཚོང་གཉེར་དང་བཟའ་བཏུང་། ཐོན་སྐྱེད་ལས་སྣོན། གསོག་ཉར་སྐྱེལ་འདྲེན་བཅས་བྱེད་མཁན་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང)ཡིན་ཕྱིན། ཚོང་ཟོག་མཁོ་འདོན་བྱེད་མཁན་གྱི་ལག་ནས་འཛིན་ཡིག་ལེན་པ་དང་ཚོང་ཟོག་ནངའདྲེན་བྱས་པའི་ཟིན་ཐོར་ཞིབ་བཤེར་བྱེད་དགོས། 《དུག་སེལ་དཔང་ཡིག》དང་། 《རིམས་བཤེར་ཚད་ལོན་དཔང་ཡིག》《ནད་ཡམས་ཞིབ་བཤེར་ཚད་ལོན་དཔང་ཡིག》《ཏོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚད་ལོན་དཔང་ཡིག》བཅས་མེད་པ་དང་ཡོང་ཁུངས་མི་གསལ་བའི་ནང་འདྲེན་གྲང་ཕྲེང་ཟས་རིགས་གང་ཡོད་ཉོ་སྒྲུབ་དང་ཕྱིར་འཚོང་བྱེད་མི་ཆོག ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་བཟའ་བཅའ་ཉོས་ནས་ཁྲོམ་རར་མ་འབྱོར་གོང་གི་ཆུ་ཚོད24ནང་ཚུན་དུ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ལ་སྙན་སེང་ཐོ་འགོད་བྱེད་དགོས།
 གཉིས། རྫོང་ཁོངས་ཕྱི་ནས་ནང་འདྲེན་བྱས་པའི་གྲང་ཕྲེང་ཟས་རིགས་དང་དེ་བཞིན་ནང་འདྲེན་བྱས་པའི་གྲང་ཕྲེང་ཟས་རིགས་སྐྱེལ་འདྲེན་དང་གསོག་ཉར། ལས་སྣོན་ཐུམ་རྒྱག ལས་གཉེར་ཕྱིར་འཚོང་། བཟའ་བཏུང་བཅས་བྱེད་པའི་སྡེ་ཚན་གྱིས་ངེས་པར་དུ་ཟས་རིགས་མཛོད་འཇུག(སྒྲོམ)ལ་དོ་དམ་ནན་མོ་དང་། ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རྩིས་ཐོ་དང་ལས་གཉེར་མི་སྣའི་དངོས་མིང་ལམ་ལུགས་ཀྱི་དོ་དམ་རྩིས་ཐོ་བཟོས་ཏེ།ཁྲོམ་ར་ལྟ་སྐུལ་དོ་དམ་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་གྱི་ལྟ་སྐུལ་མཛུབ་ཁྲིད་ལ་རང་འགུལ་གྱིས་དང་ལེན་བྱེད་དགོས།བརྒྱུད་འདྲེན་ས་ཁོངས་དང་སྐྱེལ་འདྲེན་ཡོ་བྱད། དངོས་ཟོག་ཐུམ་སྒྲིལ་བཅས་དང་སྤྱོད་ཆས་གཞན་དག་བཞག་པར་གཙང་སྦྲའི་དུག་སེལ་ལེགས་སྒྲུབ་དང་། ལས་གཉེར་མི་སྣའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དངོས་འབེབས་བྱས་ཏེ།ཟས་རིགས་དང་ཁོར་ཡུགམི་སྣ་བཅས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པར་རང་འགུལ་གྱིས་གཞོགས་འདེགས་བྱ་དགོས། ལས་གཉེར་ཕྱིར་འཚོང་དུམ་མཚམས་ཀྱི་ཆེད་སྒམ་ཕྱིར་འཚོང་དང་དངོས་མིང་ཐོ་འགོད་ཉོ་སྒྲུབ་ལག་བསྟར་བྱས་ཏེ། ཟས་རིགས་གཞན་དག་དང་བསྲེས་ཉར་བསྲེས་ཚོང་བྱེད་མི་ཆོག་ཅིང་། བརྒྱུད་རིམ་ཧྲིལ་པོར་ཕུགས་འདེད་ཐུབ་པའི་འགན་ལེན་ནན་མོ་བྱ་དགོས། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་དུག་སེལ་འགྲོ་གྲོན་ནི་ལས་གཉེར་བྱེད་མཁན་གྱིས་འཁུར་དགོས།
  གསུམ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་དྲ་ཐོག་ནས་ཟས་རིགས་ཉོ་མི་རུང་། ཡོང་ཁུངས་མི་གསལ་བའི་གྲང་ཕྲེང་ཟས་རིགས་དེ་བས་ཀྱང་ཉོ་མི་རུང་། གྲང་ཕྲེང་ཟས་རིགས་ཕྱིའི་ཐུམ་སྒྲིལ་དུག་སེལ་ཐག་གཅོད་ནན་མོ་དང་། སྤྱོད་ཐེངས་གཅིག་ཅན་གྱི་ལག་ཤུབས་དང་ཁ་རས་གྱོན་ནས་ཟ་མ་གཡོས་སྦྱོར།ཟ་སྣོད་འཐུང་ཆས་དང་སྟེགས་ངོས་གཙང་མ་བྱས་ཏེ། ལུས་ཀྱི་སྐྱི་པགས་དང་འཕྲད་པར་འཛེམ་དགོས། ཟ་མ་ཟོས་རྗེས་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་དགོས་པ་མ་ཟད། རང་འགུལ་གྱིས་བཟའ་བཅའ་རྒྱུ་ཆའི་ཡོང་ཁུངས་དང་སྣ་རིགས། བཟའ་བྱའི་དུས་ཚོད་སོགས་ཀྱི་ཆ་འཕྲིན་གསལ་བོ་བཤད་དགོས།

བཞི།འཕྲོད་བསྟེན་བདེ་ཐང་དང་ཚོང་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་གྲང་ཕྲེང་ཟས་རིགས་དང་ལས་གཉེར་མི་སྣ། ཁོར་ཡུག་ལྟ་ཞིབ་ཚད་ལེན་བཅས་ཀྱི་བྱ་བར་ཤུགས་སྣོན་དགོས། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་གྲངས་ཇེ་མང་དུ་གཏོང་བ་དང་། གྲང་ཕྲེང་ཟས་རིགས་སྣ་ཚོགས་ཐོན་སྐྱེད་གཉེར་སྐྱོང་གི་ཏོག་གསར་ནད་དུག་སྔོན་འགོག་ཚོད་འཛིན་ལག་རྩལ་དང་། དུག་སེལ་ལག་རྩལ་ཕྱོགས་སྟོན་གྱི་དྲིལ་བསྒྲགས་སློབ་གསོ། སློབ་སྦྱོང་གསོ་སྦྱོང་བཅས་བྱས་ཏེ། ལས་གཉེར་བྱེད་མཁན་གཙོ་བོ་དང་བྱ་བ་བྱེད་མཁན།གྲོང་མི་མང་ཚོགས་བཅས་ལ་སྣེ་ཁྲིད་དེ་རང་ཉིད་འགོག་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།
 

     རྨ་ལྷོ་རྫོང་ཏོག་གསར་ནད་དུག་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་སྒྲིག་པུའུ།
                2020ལོའི་ཟླ11ཚེས17ཉིན།

文/县新冠肺炎疫情防控处置工作指挥部